2018ལོའི་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་ཉེན་རྟོག་དམག་དཔུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐག་གཅོད་བྱེད་པར་སྤྲད་པའི་འབྲེལ་ཡོད་བྱ་བ་བསྒྲུབས་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་ཟི་ལིང་ནས་ཚོགས།
2019.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

2018ལོའི་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་ཉེན་རྟོག་དམག་དཔུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐག་གཅོད་བྱེད་པར་སྤྲད་པའི་འབྲེལ་ཡོད་བྱ་བ་བསྒྲུབས་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཟི་ལིང་ནས་ཚོགས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། 2018ལོའི་ཞིང་ཆེན་ཏང་ཨུའི་དམག་དཔུང་དང་ཉེན་རྟོག་དམག་དཔུང་གི་བྱ་བའི་གྲོས་སྡུར་གྲོས་ཚོགས་རྗེས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་ཉེན་རྟོག་དམག་དཔུང་གིས་སྤྲད་པའི་རྒྱབ་སྐྱོར་དང་ཐག་གཅོད་དགོས་པའི་འབྲེལ་ཡོད་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མྱུར་དུ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཐུན་སྦྱོར་ངང་ལག་བསྟར་བྱེད་པ་དང་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འབྲེལ་ཡོད་བྱ་བ་བསྒྲུབས་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཡོངས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་དུ་འགྲེང་ནས། བསམ་བློ་ངོས་ཟིན་མཐོར་འདེགས་གཏོང་བ་དང་། དུས་ནམ་ཡང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ་དང་འགོག་སྲུང་སྲ་བརྟན་དུ་གཏོང་རྒྱུ་དེ་སེམས་སུ་འཛིན་པ་དང་དམ་འཛིན་བྱེད་པ། དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ལས་འགན་གཉིས་མཉམ་དུ་དམ་འཛིན་བྱས་ནས། ཧུར་ཐག་གིས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ཕན་འབྲས་ཆེས་ཆེ་བར་བསྒྱུར་དགོས། འགན་འཁྲི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གཞི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། བྱ་བའི་གཅིག་གྱུར་འཆར་འགོད་དང་བརྟག་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས། ཁྲིམས་དང་སྒྲིག་ལམ་ལྟར་དང་དངོས་ཐོག་བདེན་འཚོལ་གྱིས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་ཉེན་རྟོག་དམག་དཔུང་བར་བརྗེ་རེས་ནན་མོ་བྱེད་པ་དང་གྲོས་སྡུར་བྱེད་པ། རྒྱུན་དུ་འགྲོ་འོང་བྱེད་པ། དཀའ་གནད་ལ་ཁ་གཏད་དེ་དུས་ཐོག་ཏུ་གྲོས་མོལ་བྱེད་པ། མཉམ་དུ་བརྟག་བཤེར་ཞིབ་འཇུག་བྱས་ཏེ། ཐག་གཅོད་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། དཀའ་གནད་ཐག་གཅོད་རྒྱུ་དེ་གོ་སྐབས་སུ་བྱེད་པ་དང་། དམངས་དམག་མཉམ་བསྲེས་བྱེད་པར་སྔར་ལས་དོ་སྣང་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་དམག་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།