ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུ་རྒྱུ་རེད།
2019.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སི་ཁྲོན་ཁྲིན་ཏུའུ་ནས་འགོ་འཛིན་མཛད་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུ་རྒྱུ་ཡིན་པ་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ད་ལོ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་བྱས་ཏེ་ལོ་ཉི་ཤུ་ལོན་པའི་ལོ་ཡིན་པ་དང་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཐེངས་འདིའི་གྲོས་ཚོགས་ནས་མ་འོངས་པའི་ལོ་བཅུ་ལ་རྒྱང་ལྟ་བྱས་ཏེ། རྒྱལ་ཁབ་གསུམ་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། ས་གནས་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།