ཀྲང་ཀོང་རོང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དམངས་ཆེན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་སྒྱུར་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཞེས་བསྟན། 
2020.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར།    ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།    ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།   ཀྲང་ཀོང་རོང་གིས་བཤད་རྒྱུར།   ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་པར་བྱས་ཡོད་པ་དང་།  དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་བདེན་འཚོལ་དངོས་གཉེར།  སྟོབས་ཤུགས་གཅིག་སྒྲིལ།   མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་།  ང་རང་ཡོངས་སུ་འཐད་པ་ཡིན་ཟེར།

ཀྲང་ཀོང་རོང་གིས་བཤད་རྒྱུར།  ཉིས་སྟོང་བཅུ་དགུ་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་པ་དང་།   སྣེ་མང་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་དེ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ་ཞིང་ཆེན་སྲིད་གཞུང་གིས་སྡེ་ཁག་སོ་སོ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་སྙིང་སྟོབས་ཆེར་སྐྱེད་དང་ཧུར་ཐག་གིས་བྱ་བ་བསྒྲུབས་ནས་ཚད་གཞི་གཙོ་བོ་དག་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་འགན་སྲུང་བྱས་པ་དང་།   ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།   དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་འོག་ཏུ།  གྲུབ་འབྲས་དེ་ལྟ་བུ་ཞིག་བླངས་པ་ནི་ལས་སླ་མོ་ཞིག་མིན་པས།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཡང་དག་ཡིན་པ་མཚོན་པར་བྱས་ཡོད་པ་དང་།   རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་ལག་བསྟར་ནུས་པ་བཟང་བ་མཚོན་པར་བྱས་ཡོད།   གཅིག་ནི་ཆབ་སྲིད་གླེང་བ་དང་ལངས་གནས་མཐོན་པོ་ཡིན།  གཉིས་ནི་འདུ་ཤེས་གསར་པ་ཡིན་པ་དང་གནས་བབ་བཟང་བོ་ཡིན།  གསུམ་ནི་བྱེད་ཐབས་ནུས་ལྡན་ཡིན་པ་དང་།   བླང་བྱ་ནན་མོ་ཡིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་བརྒྱུད་དེ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་དང་རྒྱབ་སྐྱོར་བྱས་ཏེ་ལོ་གཅིག་གི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཟེར།