མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
2020.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་ཡིན་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། 2019ལོའི་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན་བྱ་བར་སྤྱི་སྡོམ་བྱས་པ་དང་། ལོ་གསར་བར་རྒྱང་ལྟ་བྱས་ལ། ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱིས་ཕྱོགས་གཉིས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཧན་ཀྲུང་དང་ཧུའུ་ཅིན་ཧྭན། ཀྲང་རན་བཅས་ཀྱིས་སོ་སོར་ཞང་ཀང་དང་ཨོ་མིན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་ཚབ་བྱས་ནས་གཏམ་བཤད་པ་དང་། བཞུགས་མོལ་ཚོགས་འདུའི་སྣང་ཚུལ་ཧ་ཅང་བཟང་། ཚང་མས་འདས་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་དཀའ་ངལ་ཁྱད་སེལ་དང་མདུན་སྐྱོད་བྱས་ནས། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་བྱེད་པའི་ཐད་སྟེགས་བུ་བཙུགས་པ་དང་འགན་སྲུང་འདོན་སྤྲོད་བྱས་པར་ཡིད་ཚིམ་པའི་ཚུལ་བསྟན། ཚོགས་ཞུགས་མི་སྣས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱིས་ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་བོའི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་གཉིས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་གྱི་བརྗེ་རེས་དང་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་།

ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོས་མཐའ་གཅིག་ཏུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དམིགས་བསལ་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་སྤྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་ནས། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་གཏན་འཇགས་རྒྱུན་འཁྱོངས་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཨུ་ཡོན་ཚོས་གཏམ་བཤད་ལ་ཉན་རྗེས། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཚབ་བྱས་ནས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་འགུལ་སྐྱོད་ཇེ་བརྟན་དུ་གཏོང་བའི་ཐད་ནས་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་གྱི་མཐུན་འབྲེལ་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱས་ལ། ཞང་ཀང་གི་གནས་བབ་ལ་དོ་སྣང་ཆེན་པོ་བྱས་ཏེ། ཨུ་ཡོན་ཚོས་བསམ་ཚུལ་བཤད་པ་དང་ཤུགས་འདོན་པར་སྣེ་ཁྲིད་བྱས། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོས་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། རྒྱལ་གཅེས་དང་ཞང་ཀང་ལ་དགའ་བའི་མི་སྣར་འབྲེལ་འདྲིས་རྒྱ་ཆེར་བྱས་ལ། ཀྲུང་དབྱང་གི་ཞང་ཀང་དང་ཨོ་མིན་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཁྲིམས་ལྟར་སྲིད་ཇུས་སྤྱོད་པར་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་གི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག ཞིང་ཆེན་སྲིད་གྲོས་དང་ཞང་ཀང་ཨོ་མིན་གྱི་ཨུ་ཡོན་ཚོས་སྒྲུབ་པའི་བྱ་བར་འབྲེལ་ཡོད་སྡེ་ཁག་གི་ཁས་ལེན་གང་ལེགས་ཐོབ་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཨུ་ཡོན་གྱི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཞང་ཀང་དང་ཨོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དང་མཐུན་སྒྲིལ་བྱེད་པ། དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་ནས། ཧུར་ཐག་གིས་ཞང་ཀང་དང་ཨོ་མིན་གྱི་སྤྱི་ཚོགས་ལས་དོན་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས། ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་དྲིལ་སྒྲོག་བྱེད་པ། བློ་འདོན་ཇུས་འབུལ་བྱས་ཏེ། མཚོ་སྔོན་གྱིས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་མཐུན་འབྲེལ་ཚོགས་པའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། མཚོ་སྔོན་དང་ཞང་ཀང་གཉིས་དང་། མཚོ་སྔོན་དང་ཨོ་མིན་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་སྟེགས་བུ་འཛུགས་པ་དང་། བྱ་འགུལ་གྱི་འདྲེན་བྱེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱ་བའི་གྲུབ་འབྲས་ཇེ་དྲག་ཏུ་བཏང་སྟེ། ཞང་ཀང་དང་ཨོ་མིན། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་ཚོགས་འདུར་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།