ཝང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2020.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་ཉེར་གཅིག་ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་ཆོས་ལུགས་ལས་རིགས་མི་སྣ་དང་མཉམ་དུ་ལོ་སར་རོལ་བར་མ་ཟད་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

ཝང་དབྱང་གིས་ཆོས་ལུགས་ཚོགས་པ་སོ་སོའི་ཉིས་སྟོང་བཅུ་དགུ་ལོའི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད་ཉིས་སྟོང་ཉི་ཤུ་ལོའི་བྱ་བར་རེ་བ་ནན་མོ་བཏོན། ཝང་དབྱང་གིས་བསྟན་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན། ཏང་དང་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་ཆོས་ལུགས་ལས་རིགས་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཆོས་ལུགས་ཚོགས་པའི་བྱ་བར་རྒྱབ་སྐྱོར་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ངེས་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཆོས་ལུགས་ཚོགས་པ་དང་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་དོན་དངོས་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་བཞུགས་མོལ་ཚོགས་འདུར་ཞུགས།