ཝང་ཅན་ཅུན་དང་ལིག་ཉིང་སོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་བློ་མཐུན་རྒན་པར་འཚམས་འདྲི་བྱས།
2020.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་མཉམ་དུ་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་དང་པད་མ་གཉིས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

སངས་རྒྱས་སྐྱབས་དང་པད་མའི་ཁྱིམ་དུ། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཁོ་ཚོའི་འཚོ་བ་དང་ལུས་ཕུང་གི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། བསམ་འཆར་བསྡུ་ལེན་བྱས། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་དང་། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏིངས་པའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོའི་སྟེང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏན་ཏན་ཏིག་ཏིག་གི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གཞིར་བཟུང་ནས། དཔེ་སྟོན་ཞིང་ཆེན་ལྔའི་འཛུགས་སྐྲུན་སྤེལ་བ་དང་། དཔལ་འབྱོར་གྱི་རྣམ་པ་བཞིའི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་འདེགས་སྐྱོར་བྱས། མཚོ་སྔོན་གྱི་ཁ་སང་དང་དེ་རིང་། སང་ཉིན་ཐད་བློ་མཐུན་རྒན་པའི་རིག་སྟོབས་དང་རྔུལ་ཁྲག་གི་བྱས་རྗེས་འདུ་ལ། བློ་མཐུན་རྒན་པས་ལུས་ཕུང་ལ་གཅེས་སྤྲས་བྱེད་པ་དང་། མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱེད་དགོས་ཟེར། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་སངས་རྒྱས་རྒྱལ་དང་པད་མ་གཉིས་ལ་ལོ་གསར་བའི་ནང་ནད་མེད་བདེ་ཐང་ཡོང་བ་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།

སངས་རྒྱས་སྐྱབས་དང་པད་མ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས་ནས། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཁོ་ཚོས་བསྟན་དོན། མུ་མཐུད་དུ་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྔར་བཞིན་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་དགོས་ཟེར།

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ། དབྱིན་པད་བཅས་ཀྱིས་སོ་སོར་ལཱ་པེན་ལིས་དང་ཡའོ་ཞང་ཁྲིན། གཡང་མོ་རྒྱལ། མཱ་ཧྲི་ཆེན། སུང་ཀྲའོ་རན། ལིས་མེན་ཅིན། སྐལ་བཟང་རྡོ་རྗེ། ཝང་ཨིན་ཁི། བློ་བཟང་། ཝུན་ལེན། ཀྲང་ཡུས་ལེན། ཀྲའོ་ཡུང་ཀྲུང་། ལིས་ཡུས་ལན། ཅཱ་ཀའོ་མེན། ལིག་ཞའོ། སངས་རྒྱས། ཀའོ་རུའུ་ཀྲའོ། མུའུ་ཏུང་ཧྲིན། སུའུ་ཉིང་། ཚའོ་ཝུན་ཧུའུ། ཚའོ་ཧོང་། དབང་མོ། ཚའེ་ཅུའུ་ལིག ཀྲའོ་ཆི་ཀྲུང་། ཝང་ཞའོ་ཆེན། དཀོན་མཆོག མཱ་ཅིན་ཞའོ། ཝང་ཞའོ་ཡུས། ཡའེ་ཧྲི་ཧྲུའུ། ལིག་ཀོང་ཀྲུང་། ཁྲིན་རུའེ་ཀྲིན། ལིས་ཀྲུང་པའོ། ཧན་ཡུས་ཀུའེ། ལའོ་ཁྲའོ་དབྱང་། པའོ་དབྱི་ཀྲི ལིས་ཞོན་ཧྲིན། ཅི་རིན་ཧྥུན། མཱ་ཡོ་ཅིན་བཅས་འཚམས་འདྲི་བྱས་པར་མ་ཟད། རྣམ་པ་སྣ་མང་བརྒྱུད་དེ་ཞིང་ཆེན་གཞན་པར་སྡོད་པའི་བློ་མཐུན་རྒན་པར་འཚམས་འདྲི་བྱས།