མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།
2020.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 199

མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་གནས་བབ་ལ་དམིགས་ཤིང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བ་དང་མཆེད་པར་སྔོན་འགོག་བྱེད་པ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྒྲུབ་ཇུས་གཞི་སོགས་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འཁེལ་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཀྱི་རིམ་པ་དང་པོའི་དོགས་ཟོན་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཚན་རིག་དང་མཐུན་པར་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལག་ལེན་དུ་བསྟར་རྒྱུ་ཐག་བཅད། དོགས་ཟོན་མཚམས་འཇོག་པའི་དུས་ཚོད་ལ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་རེད།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།