མ་ཅི་ཞོ་ཡིས་ཏ་ཐུང་རྫོང་གི་འཐབ་ཕྱོགས་དང་པོ་ན་ཡོད་པའི་རིམས་འགོག་མི་སྣར་མཚམས་འདྲི་བྱས།
2020.02.27 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 35

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞོ་ཡིས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དཔའ་ལེན་ཞང་དུ་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་དབུལ་ཕོངས་སྡེ་བ་གསུམ་གྱི་ལས་ཡུལ་དང་པོ་ན་ཡོད་པའི་རིམས་འགོག་མི་སྣར་མཚམས་འདྲི་བྱས།

མ་ཅི་ཞོ་ཡིས་ཞྭ་ཁུལ་སྡེ་བ་དང་ཨ་ཅ་ཁུག་སྡེ་བ་སོགས་སུ་སྡེ་བའི་སྨན་པ་དང་སྡེ་སྡོད་ལས་བྱེད་པ། ཧྲུའུ་ཅི་དང་པོ་སོགས་རིམ་པ་དང་པོའི་ལས་བྱེད་མི་སྣར་མཚམས་འདྲི་བྱས། ཁོས་བསྟན་དོན། རང་རེའི་ཞིང་ཆེན་གྱི་སྤྱི་བའི་ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ནས་བརྡ་ལན་རིམ་པ་གསུམ་པར་བསྒྱུར། འོན་ཀྱང་རིམས་འགོག་གི་བྱ་བ་སྣང་མེད་དུ་གཏོང་མི་རུང་ལ་ལྷག་པར་ཏུ་གཞི་རིམ་ཞིང་སྡེ་རིམ་པའི་རིམས་འགོག་གི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་དུས་མཉམ་དུ་དཔྱིད་ཀའི་འདེབས་འཛུགས་དང་ཐོན་སྐྱེད་ཀྱི་གྲ་སྒྲིག་བྱ་བར་ལྷོད་གཡེང་མི་བྱེད་པར་དམ་འཛིན་གཉིས་དང་ཡར་སྐུལ་གཉིས་བཟང་བོར་བསྒྲུབ་དགོས་ཟེར།