ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཀོད་འདོམས་པུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཀོད་འདོམས་པུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་གཞིགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྒྲིབ་སྲ་བརྟན་དུ་གཏོང་བ་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་ལངས་ཏེ། གཅིག་གྱུར་སྒོས་འཆར་འགོད་དང་ཇུས་འགོད་བྱེད་པ་དང་གཞི་གཅིག་ཏུ་ལག་བསྟར་བྱེད་དགོས་ལ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁོངས་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། རྒྱུན་མཐུད་སྒོས་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོར་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལྟར། ཧུར་ཐག་དང་གོ་རིམ་ཡོད་པའི་སྒོ་ནས་ནགས་སྐྲུན་ལྗང་སྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས། རྒྱུན་མཐུད་སྒོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྨ་འབྲི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པ་དང་། དེ་དང་མཉམ་དུ་མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལ་འཆར་འགོད་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཤུགས་ཆེན་པོས་སྐལ་བཟང་གི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ལྗང་སྒྱུར་བྱ་བའི་སྤྱིའི་འཆར་འགོད་མྱུར་དུ་གཏན་འཁེལ་བྱེད་པར་མ་ཟད། རྒྱུན་མཐུད་སྒོས་ལྷོ་བྱང་རི་བོའི་ལྗང་སྒྱུར་བྱ་བ་བཟང་བོར་བསྒྲུབ་པ་དང་རྦད་ཆོད་སྒོས་འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བྱ་བ་དང་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་འཆར་འགོད་ཡར་ཞུ་བྱས་པར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།