མཱ་ཝེ2020ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་གྲོས་ཚོགས་ལ་ཞུགས།
2020.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ2020ལོའི་ཁྲིམས་འཛུགས་འཆར་འགོད་བྱ་བའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་པ་དང་། ཁྲིམས་བཟང་ལེགས་བཅོས་ཀྱི་སྤྱིའི་དམིགས་འབེན་ལ་དམ་དུ་དམིགས་པ། ཁྲིམས་འཛུགས་བྱ་བའི་སྒྲིག་གཞི་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། ཚན་རིག་དང་མཐུན་པ་དང་དམངས་གཙོ། ཁྲིམས་ལྟར་ཁྲིམས་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་མ་ཟད། ཁྱད་ལྡན་སྤུས་ལེགས་ཁྲིམས་འཛུགས་ཐད་ཀྱི་མཚོ་སྔོན་གྱི་ལག་ལེན་འཚོལ་ཞིབ་བྱས་ཏེ། གྲུབ་འབྲས་བཟང་བོ་བླངས་ཟེར།

མཱ་ཝེ་ཡིས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་བྱ་བའི་ལས་འགན་གསར་བ་དང་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། རྩོད་སྒྲུབ་བསམ་བློ་དང་མཚན་ཉིད་རིག་པའི་ལྟ་བ་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་བྱེད་པ། སྤྱི་སྡོམ་རྒྱུད་འཛིན་དང་འཐུས་ཚང་མཐོར་འདེགས་བྱེད་པ། མིག་སྔར་ལས་རྐང་འཛུགས་པ་དང་ཡུན་རིང་ལ་དམིགས་ནས། བྱ་བའི་ཤུགས་འདོན་ས་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མིན་པའི་ལམ་ལུགས་རྐྱེན་སྲོལ་རང་བཞིན་གྱི་གནད་དོན་ཐག་གཅོད་པའི་སྟེང་འཇོག་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ནས། ཁྲིམས་སྲོལ་ལམ་ལུགས་སྣ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པར་བྱེད་པ་དང་། སྔར་ལས་ཕན་ལྡན་གོ་ཆོད་ཡིན་པ། སྔར་ལས་འཐུས་ཚང་མཐུན་སྦྱོར་ཡོང་བར་བྱེད་དགོས་པའི་རེ་བ་བཏོན།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བཏོན་པའི་ལས་འགན་གསར་བ་དང་འགན་འཁྲི་གསར་བ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་འགུལ་གྱིས་དུས་རབས་གསར་བ་དང་རེ་བ་གསར་བ་དང་མཐུན་པར་བྱེད་པ། ཁྲིམས་འཛུགས་ལས་གཞི་དང་རྟོག་ཞིབ་ལས་གཞི། ཁྲིམས་འཛུགས་སྤུས་ཚད་དང་ཁྲིམས་འཛུགས་གྲངས་ཀ འགན་འཁྲི་དང་དམིགས་འབེན། ཁྲིམས་འཛུགས་མཛུབ་ཁྲིད་དང་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར། བྱ་བར་དམ་འཛིན་བྱེད་པ་དང་དཔུང་སྡེའི་སྣེ་ཁྲིད་པ་བཅས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་བྱ་བའི་ཆོས་ཉིད་དང་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱེད་པ། རྒྱུན་མཐུད་ངང་ས་གནས་ཁྲིམས་འཛུགས་ནུས་པ་འཛུགས་སྐྲུན་བྱེད་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཆོད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཐད་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ས་གནས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།