མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཁྲིམས་ལུགས་ཁྱབ་བདལ་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།《ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི2020ལོའི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་གྱི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཞའོ་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཡུང་གིས་བསྟན་དོན། 2019ལོའི་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ཐད་སློབ་སྦྱོང་རྒྱུན་གཏན་ཅན་དང་ལས་དོན་གསར་གཏོད་ཅན། རྣམ་པ་སྣ་མང་ཅན། འགོ་ཁྲིད་འགན་འཁྲི་ཅན་བཅས་ཀྱི་ཁྱད་ཆོས་བཞི་མངོན་ནས། ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། 2020ལོར་སླེབས་སྐབས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་ལངས་ཕྱོགས་ཇེ་བརྟན་དུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གཙོ་གནད་དམ་འཛིན་བྱས་ཏེ་རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག ཏང་ནང་གི་ཁྲིམས་སྲོལ་སོགས་སློབ་སྦྱོང་བྱ་རྒྱུ་དེ་ཁྲིམས་ལུགས་ཁྱབ་གདལ་སློབ་སྦྱོང་གི་རྒྱུན་གཏན་རང་བཞིན་གྱི་ནང་དོན་དུ་བརྩིས་ནས། ལས་ཁུངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕན་འབྲས་ལ་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བླང་བྱ་གསར་པར་དམིགས་ནས། ལས་ཁུངས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། “ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པར་མ་ཟད། ཕྱོགས་བསྡོམས་དང་མཐོར་འདེགས་གཏོང་བ་དང་། སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་ཐབས་དང་ཉམས་མྱོང་ཕྱོགས་བསྡོམ་ནན་ཏན་བྱེད་པ། “ལོ་ལྔའི་འཆར་གཞི་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དཔྱད་ཞིབ་དང་ཞིབ་བཤེར་དང་ལེན་བྱེད་པའི་གྲ་སྒྲིག་ལས་ཀ་ཁག་ལེགས་སྒྲུབ་ཏན་ཏིག་བྱས་ཏེ། གྲུབ་འབྲས་ལེགས་པོ་ཐོབ་པར་བརྩོན་ལེན་བྱ་དགོས། འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་ཞིབ་ཕྲ་བཟོ་བ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་ཀྱི་ཁྲིམས་ལུགས་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།