དབྱང་ཧྥིན་ཁྲུན་གྱིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྨ་ཆུའི་རིག་གནས་དང་ཞིང་སྡེ་གནས་སྐོར། ལུས་རྩལ་ཐོན་ལས། བསམ་པའི་དབུལ་སྐྱོར་སོགས་བྱ་བར་རྟོག་ཞིབ་བྱས། ཉིན་གཉིས་རིང་། དབྱང་ཧྥིན་ཁྲུན་སྔ་གཞུག་ཏུ་ཁྲི་ཀ་རྫོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་དམངས་ཡོངས་ལུས་སྦྱོང་ལྟེ་གནས། དཀར་བརྗིད་ཞང་སུམ་པ་སྡེ་བ། རྨ་ནུབ་གྲོང་རྡལ་ཐོན་ཅེ་སྡེ་བ། གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ལྗོངས་རྒྱུ་ཁུལ། ཉའི་ཐོན་ལས་ར་བའི་ཁུལ། རྨ་ཆུའི་ཆུ་བེད་རྟེན་མཛོད་གླིང་། ཞིན་ཧེ་རྫོང་དམངས་ཁྲོད་རྩལ་ནུས་རིག་གནས་གསོ་སྦྱོང་ལྟེ་གནས། ཨ་མདོ་དམངས་སྲོལ་སྡེ་བ། ཐང་བོད་གནའ་ལམ་ལྗོངས་རྒྱུ་ཁུལ་སོགས་ལ་སོང་ནས། རིམས་ནད་ཀྱིས་རིག་གནས་གནས་སྐོར་ལུས་རྩལ་ལས་རིགས་ཐད་བཟོས་པའི་གནོད་པར་རྒྱུས་ལོན་གསལ་བོ་བྱས་པ་དང་། མཚོ་སྔོན་གྱི་གནས་སྐོར་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་དཀའ་གནད་ལ་མཐུན་སྦྱོར་ཐག་གཅོད་བྱས།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་དང་ཐོན་ཚད་ལོན་པར་བྱེད་པའི་རེ་བ་ལྟར། མཚོ་སྔོན་གྱི་མི་མཚོ་སྔོན་དུ་གནས་སྐོར་ལ་འགྲོ་བའི་བྱ་འགུལ་ལག་བསྟར་བྱེད་པ་དང་། གནས་སྐོར་གྱི་མཁོ་འདོན་ཇེ་མང་དུ་གཏོང་བ། ཐོན་ལས་མུ་ཐག་ཇེ་རིང་དུ་གཏོང་བ། ནང་མཁོ་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་པ། མཚོ་སྔོན་གྱི་གནས་སྐོར་སླར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། སྤུས་ལེགས་འཚོ་བའི་དགོས་མཁོ་སྐོང་དགོས། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པར་རྒྱུན་འཁྱོངས་བྱེད་པ་དང་། རྨ་ཆུའི་རིག་གནས་ཀྱི་དོན་སྙིང་སྔོག་འདོན་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཚོང་འགུག་དངུལ་འདྲེན་རྒྱ་སྐྱེད་དེ། གོ་རིམ་ལྡན་པའི་སྒོ་ནས་གནས་སྐོར་ཐོན་ཁུངས་གསར་སྤེལ་བྱེད་དགོས། ཞིང་སྡེ་གནས་སྐོར་དང་ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་ཐོན་ལས་དང་བསམ་པའི་དབུལ་ཐར་བཅས་ཟུང་འབྲེལ་བྱེད་པ་དང་། རིམ་པ་དང་སྤུས་ཚད་མཐོར་འདེགས་གཏོང་བ། ལས་ཞུགས་ཡོང་འཕར་ལ་སྣེ་ཁྲིད་བྱས་ནས། འཁོར་རྒྱུག་བཟང་བོའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ལུས་རྩལ་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལུས་རྩལ་དང་རིག་གནས། གནས་སྐོར། ལུས་གསོ་སོགས་ཐོན་ལས་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ། ཚོང་རའི་གཙོ་གཞི་དང་སྤྱི་་ཚོགས་ཚོགས་ཁག་གི་ནུས་པ་འདོན་སྤེལ་བྱེད་པ། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རྒྱལ་སྤྱི་དང་རྒྱལ་ནང་གི་ལུས་རྩལ་འགྲན་བསྡུར་མང་པོ་དང་སྦྲེལ་མཐུད་བྱས་ཏེ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།