ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་ཁྲི་ཀ་ནས་བསྡུས།
2020.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། 2020ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་གྱི་ཡན་ལག་ཚོགས་ར་གཙོ་བོའི་བྱེད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ་སྤེལ་བ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་ཚོགས་འདུར་ཞུགས་ཏེ་བྱེད་སྒོ་སྤེལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

འོས་འཚམ་དང་གོ་རིམ་ལྡན་པ། བརྟན་པོ། བདེ་འཇགས་བཅས་ཀྱི་རྩ་དོན་ལྟར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཟླ5པའི་ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་ནས། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་བདེ་འཇགས་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གནས་མང་དང་ཁ་ཐོར། ཚོད་འཛིན་ཐུབ་པ། དཔལ་ཡོན་བཅས་ཀྱི་རྣམ་པའི་ཐོག་ནས་ཞིང་ཆེན་ཡོངས་སུ་དུས་མཉམ་གཅིག་ལ། 2020ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་བ་རེད། ས་གནས་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད། རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་དང་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་ནས། ཡ་རབས་ཡུལ་སྐོར་དང་དེ་བཞིན་ས་གནས་ཁག་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱས་པ་དང་། རིམས་ནད་ཀྱིས་རིག་གནས་ཡུལ་སྐོར་ལས་རིགས་ལ་བཟོས་པའི་ཕོག་ཐུག་དང་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་འཇལ་བར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་ཚད་མགྱོགས་སུ་བཏང་ནས། ཞིང་ཆེན་ཡོངས་སུ་མཚོ་སྔོན་གྱི་དབྱར་དུས་ཡུལ་སྐོར་གྱི་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད།  

བན་དེ་སྐྱབས་ཀྱིས་བསྒྱུར།