མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ལ་ཞིབ་བཤེར་བྱས།
2020.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས།  འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་མུ་མཐུད་དུ་ཞིབ་བཤེར་བྱས། ཝང་ཅན་ཅུན་ཚོགས་འདུར་ཞུགས་པ་དང་། ལིའུ་ཉིང་དང་ཀྲང་ཀོང་རུང་སོགས་ཀྱིས་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། སློབ་གསོ་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་བརྙན་ལམ་བརྒྱུད་ནས་བསམ་འཆར་དང་གྲོས་གཞིར་ཉན།

ལིའུ་ཉིང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། མི་དམངས་བླ་ན་མཐོ་བ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འབུར་ཐོན། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་བླང་བྱ་དོན་འཁྱོལ་བཅས་བྱས་ནས། བཅོས་སྒྱུར་ གསར་གཏོད་ཀྱི་སྙིང་སྟོབས་མཚོན་པ་དང་གཞི་གྲངས་ཞིབ་ཕྲ་ཡིན་པ། གཙོ་གནད་འབུར་ཐོན་ཡིན་པ། སྲིད་ཇུས་གནད་ལ་འཁེལ་བ། འཁོར་སྐྱོད་འགན་ལེན་དང་འཕར་སྣོན་བརྟན་པོ། དབུལ་ཐར་ཤུགས་ཆེན། བཅོས་སྒྱུར་སྐུལ་འདེད། དམངས་འཚོར་ཕན་པ་བཅས་བྱ་རྒྱུར་དམིགས་ཏེ།འཆར་གཞི་དང་ནོར་སྲིད་ཀྱི་སྔོན་དཔག་གྲོས་འགོ་བཏོན་པ་དག་དོན་ཐོག་ཏུ་འཁྱོལ་ཞིང་བཀོལ་སྤྱོ་ཀྱི་རང་བཞིན་ཆེན་པོ་ལྡན་པ། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ཞིབ་ཕྲ་ཅན་དང་ཏན་ཏིག་ཅན་བཅས་ཀྱི་མངོན་ཚུལ་ཡང་ཡིན། རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་དང་དུས་རིམ་གྱི་ཁྱད་ཆོས་དང་མཐུན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ངེས་ཡིན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བཅས་ཡིན་པས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ཤིན་ཏུ་ལྕི། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྔར་མེད་ཀྱི་སྤྲོ་སེམས་དང་བློ་སྟོབས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”དང“ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་བཞིན་ཡོད། སྟོབས་ཤུགས་ཡོད་རྒུས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། གཙོ་གནད་སྐྱེ་ཁམས་བྱེད་ནུས་ས་ཁུལ་དང་དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་དྲོད་ལེན་སོགས་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུབ་ཡིན་ལ། ཕྱོགས་ཡོངས་དང་མ་ལག་ཆ་ཚང་བ། ཁྲིད་ཕྱོགས་གསལ་པོ་ཡིན་པ། བྱེད་ཐབས་ཞིབ་ཕྲ་ཡིན་པ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གཞོགས་འདེགས་དང་སྦྲེལ་མཐུད་ཡག་པོ་བྱས་ཡོད། མོས་མཐུན་ཡོད། འདས་པའི་ལོ་གཅིག་རིང་། འཕེལ་སྒྱུར་ནོར་སྲིད་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱི་འདོམས་སུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བྱས་ནས། “བརྟན་འཇགས་དྲུག”གི་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་ཡག་པོ་བཏང་ཡོད།  སྲིད་ཇུས་ཀྱི་ཁ་ཕྱོགས་དང་ལས་གཞི་ལག་བསྟར། མ་དངུལ་བཀོད་སྒྲིག དོ་དམ་བྱེད་སྟངས་སོགས་ཀྱི་ཐད་འགན་ནུས་འདོན་སྤེལ་གང་ལེགས་བྱས། སྤྱི་ཁོག་སྲིད་ཇུས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ལ་དང་དོད་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྟོབས་ཤུགས་གཅིག་སྒྲིལ་དང་ཕན་འབྲས་དངོས་ཐོན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད། ལྷག་པར་དུ་པྲོག་དབྱིས་གློ་ཚད་ཀྱི་རིམས་ནད་གསར་བ་བྱུང་བ་ནས་བཟུང་། ཧུར་བརྩོན་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྲིད་ཇུས་དང་བྱེད་ཐབས་ཁག་ཚན་རིག་དང་མཐུན་པ་དང་དུས་ཐོག་ཏུ་འཁེལ་བ། གནད་དུ་འཁེལ་བ། ཕན་ནུས་ལྡན་པ་བཅས་བྱུང་ནས་མི་དམངས་ཀྱི་འགོག་རྒོལ་དམག་འཐབ་དང་སྤྱི་ཡོངས་ཀྱི་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཟེར།

འཐུས་མི་ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥིན། མེན་ཧའེ། པད་རྒྱལ་བཀྲ་ཤིས་ སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།