ལིའུ་ཉིང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ་བྱིས་པ་ཚོར་རེ་བཅོལ་ཟབ་མོ་གནང་།
2020.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་གྱི་ཀོང་ཧྭ་སློབ་ཆུང་དུ། “སྐེ་དཀྲིས་དམར་པོའི་སེམས་པ་ཏང་ལ་ཕྱོགས་ནས་དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱེད་དགོས”ཞེས་པ་བརྗོད་དོན་ཡིན་པའི“དྲུག་གཅིག”གི་ བྱེད་སྒོར་ཞུགས་པ་དང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་ཞུས་ནས་བཤད་རྒྱུར། ཚང་མས་ཨ་མྱེས་ཞི་ཅིན་ཕིང་གི་བཀའ་སློབ་དང་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས་སྙིང་རུས་ཆེན་པོས་ཤེས་བྱ་སློབ་སྦྱོང་བྱ་རྒྱུའི་རེ་བ་ཡོད། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བློ་སྟོབས་ཆེན་པོ་སྦྱོང་བརྡར་བྱེད་པ། གཟུགས་གཞི་བདེ་ཐང་ཡོང་བའི་སྦྱོང་བརྡར་བྱེད་པ་དང་།གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་དུས་རབས་ཀྱི་མི་གསར་པ་ཞིག་འཁྱོངས་པར་བརྩོན་ལེན་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཀྲང་ལིས་གོང་གསལ་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།