ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།
2020.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་གསུམ་ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འདི་ནི་ང་ཚོས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་བཏང་བའི་ཁ་པར་ཐེངས་གསུམ་པ་ཡིན་པ་དང་། དེ་ལས་ཕྱོགས་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་བརྟན་པ་དང་འཐབ་ཇུས་འབྲེལ་འདྲིས་དམ་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་སྲིད་གཞུང་གིས་རིམས་ནད་གནད་དོན་ཐད་ལ་དྲང་བདེན་ལངས་ཕྱོགས་དང་ཚན་རིག་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྤྱི་ཁོག་ནང་དུ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཐད་ལ་མཉམ་དུ་རྒྱབ་སྐྱོར་བྱས་ནས། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་སྲུང་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་མུ་མཐུད་ནས་གྲོས་མོལ་དང་བརྗེ་རེས་མང་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་ཞིང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་གཏན་འཁེལ་མིན་པའི་འཛམ་གླིང་ལ་མཉམ་དུ་གཏན་འཁེལ་རང་བཞིན་འཕར་སྣོན་བྱེད་འདོད་ཡོད། ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་དུ་ཆབ་སྲིད་འགྲོ་འོང་གྲོས་རིམ་རབ་དང་རིམ་པ་གྲོས་མོལ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཡོ་རོབ་གླིང་ཕྱོགས་དང་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས་བྱ་འགུལ་དེ་དག་བདེ་བླག་ཡོང་བ་འགན་སྲུང་བྱེད་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་སྟེང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་འཆར་འགོད་བཟོས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོ་དང་མཉམ་དུ་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།