ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་མཛད་རྒྱུ་རེད། 
2020.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་པེ་ཅིང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་མཛད་རྒྱུ་མ་ཟད། གསུང་བཤད་གལ་ཆེན་གནང་རྒྱུ་རེད། 

དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གཉིས་ཀྱིས་མཉམ་དུ་གྲོས་གཞི་བཏོན་ནས། བརྙན་རིས་ཀྱི་ཐབས་ཀྱིས་སྤེལ་རྒྱུ་རེད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་ཚོགས་འདུའི་ཀྲུའུ་ཞི་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ། ཨ་ཧྥེ་རི་ཁ་གླིང་གི་ས་ཁོངས་ཕལ་བའི་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མགོ་ཁྲིད་པ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དམིགས་བསལ་གྱི་སྐུ་མགྲོན་ཚུལ་དུ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།