ཀྲང་ཀོང་རུང་གིས་གཙོ་གནད་འཐུས་མིའི་གྲོས་འགོར་རྟོག་ཞིབ་བྱས་ནས་གཏམ་བཤད།
2020.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་རུ་སྣེ་ཁྲིད་དེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི“མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་རབ་ཁ་མཐོ་རུ་ཕྱིན་པ་དང་རྩྭ་རའི་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི”སྐོར་གྱི་གཙོ་གནད་གྲོས་འགོར་རྟོག་ཞིབ་དང་སྐུལ་སྒྲུབ་བྱས།རྐང་ཚ་རྫོང་དང་ཧེ་ཡན་རྫོང་དུ་རྟོག་ཞིབ་་བྱས་རྗེས། ཀྲང་ཀོང་རུང་གིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་གྲོས་འགོ་བསྒྲུབས་ཚུལ་སྙན་ཞུ་ཕུལ་བ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་ལ་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་རྟོག་ཞིབ་ལ་ཞུགས།

ཀྲང་ཀོང་རུང་གིས་བསྟན་དོན། འཐུས་མིའི་གྲོས་འགོ་ཞིག་བཏོན་པ་དེ་ནི་རེ་ལྟོས་ཤིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། འཐུས་མིའི་བསམ་འཆར་དང་གྲོས་འགོ་འདོན་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་སྐུལ་འདེད་ནུས་ལྡན་ཞིག་ཀྱང་རེད། མི་དམངས་འཐུས་མཞིའི་ཚོགས་ཆེན་དང་སྲིད་གཞུང་རིམ་པ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱ་རྒྱུ་དེ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ། ལས་ཀ་ལེགས་བཅོས་དང་མཐོར་འདེགས་གཏོང་བ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ། འགན་འཁྲི་ཧུར་ཐག་འཁུར་བ་དང་འགན་འཁྲི་དོན་འཁྱོལ་བྱས་ནས། སྒྲུབ་གཉེར་གྱི་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཏེ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་དོན་སྒྲུབ་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚེའུ་ཡི་རབ་ཁ་ཆེར་རྒྱས་པ་ལས་བྱུང་བའི་གནད་དོན་ནི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་གནད་དོན་ཞིག་རེད། མི་དམངས་བླ་ན་མེད་པ་མཐའ་འཁྱོངས་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། མཚོ་སྔོན་པོའི་མཐའ་སྐོར་གྱི་ལྕགས་རྟ་འགྲན་ཁུལ་གཙོ་གནད་ས་ཁུལ་དང་ཚོད་ལྟ་བྱེད་གནས་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ཁ་གསབ་མཐུན་རྐྱེན་འཛུགས་པར་འཚོལ་ཞིབ་བྱེད་དགོས། མཚོ་སྐོར་ནུབ་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཚོགས་འགན་སྲུང་དང་སྤྱི་པའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འགལ་བ་གསར་པ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གནས་ཚུལ་སྔར་ལས་གསལ་རྟོགས་བྱེད་པའི་རྨང་གཞིའི་ཐོག་མཉམ་ཤུགས་མཁྲེགས་གཏོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་འགོ་ཡག་པོ་སྒྲུབ་དགོས། བསམ་གཞིགས་མ་ལག་ཆ་ཚང་འཛུགས་པ་དང་རྩྭ་ཐང་སླར་གསོ་བྱ་རྒྱུར་མཐོང་ཆེན་བྱེད་པ། འདམ་ར་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་རྒྱུག་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙྭ་བ།བན་དེ་སྐྱབས།