ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་བསྡུས།
2020.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས། ཨུ་ཡོན་བདུན་གྱིས་ཚོགས་འདུའི་བརྗོད་གཞིར་དམིགས་ནས་མྱོང་ཚོར་དང་ངེས་ཤེས་གླེང་ནས། བསམ་ཚུལ་ལྷུག་པོར་བརྗོད་པ་དང་བརྗེ་རེས་ཟབ་མོ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

མཱ་ཧེ་དབྱིན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བྱ་བའི་བླང་བྱ་ནན་ཏན་གྱིས་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་བྱས་ཏེ་འགན་འཁྲི་ཡོད་པའི་ཨུ་ཡོན་བྱེད་པའི་བརྗོད་དོན་ལག་ལེན་ཏན་ཏིག་གིས་སྤེལ་ནས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པའི་ཁྲོད་དུ་ཨུ་ཡོན་གྱི་ཐུན་མོང་ལྟ་བ་གཅིག་སྡུད་བྱས་པས། ཕན་འབྲས་ཅུང་བཟང་པོ་བླངས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ལག་ལེན་དངོས་ལས་བསམ་བློའི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ལྟ་བ་གཅིག་སྡུད་རྒྱ་ཆེར་བྱེད་པའི་བླང་བྱ་གལ་ཆེན་ལག་བསྟར་བྱས་ཏེ། དོན་འཁྱོལ་བྱེད་པ་དང་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། དུས་རྟག་ཏུ་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་བ་དང་འགན་འཁྲི་གསར་བ་ཁོང་དུ་ཆུད་པར་བྱས་ནས། བསམ་བློའི་ཆབ་སྲིད་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཨུ་ཡོན་ལྷན་ཁང་གི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་སྦྲེལ་དགོས། འགན་འཁྲི་དང་ལས་ཀ་གཙོ་བོར་དམ་དུ་དམིགས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་དགོས། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་དང་མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་བརྩེ་སེམས་རྒྱུན་འཁྱོངས་ཀྱིས་བློ་འདོན་ཇུས་འབུལ་དང་ལྟ་བ་གཅིག་སྡུད་ཀྱི་ཕྱོགས་གཉི་གར་ཤུགས་འདོན་པའི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས་ཟེར།

ལོ་ཙཱ་བ། ཕྱུག་ལོ།