མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་གཞུང་ལུགས་སློབ་སྦྱོང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་གཞུང་ལུགས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས། ཐེངས་འདིའི་གྲོས་ཚོགས་ནི་བརྙན་ལམ་གྱི་རྣམ་པས་བསྡུས་པ་དང་། ཚོགས་ཐོག་ཏུ་ཀྲུང་གོ་ཁྲིམས་རིག་པ་སློབ་ཚོགས་ཀྱི་དམངས་དོན་ཁྲིམས་གཞུང་རྩ་འཛིན་རྩོམ་སྒྲིག་ལས་གཞིའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཀྲུང་གོ་ཁྲིམས་རིག་པ་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་པ། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་སློབ་དཔོན་ཀྲང་ཞིན་པའོ་ཆེད་དུ་གདན་དྲངས་ནས། དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་ནན་མོ་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་སློབ་སྦྱོང་གྲོས་ཚོགས་ལ་འགོ་འཛིན་བྱས།

སློབ་དཔོན་ཀྲང་ཞིན་པའོ་ལགས་ཀྱིས་དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་དང་དམངས་དོན་ཁྲིམས་གཞུང་གི་ནང་དོན་གཙོ་བོ། དེའི་ཁྱད་ཆོས་གཙོ་བོ། དམངས་དོན་ཁྲིམས་གཞུང་གི་ཁྱོན་ཡོངས་ལག་བསྟར་དང་དམངས་ཡོངས་ཀྱིས་ཁྲིམས་ཁྱབ་བརྡལ་དུ་གཏོང་བ། དམངས་དོན་བཅའ་ཁྲིམས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་དང་བརྩི་སྲུང་བཅས་ཕྱོགས་བཞིའི་ཐད་ནས། དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་བརྒྱུད་རིམ་དང་གསར་གཏོད་ཀྱི་ཁྱད་ཆོས་ལྡན་ས། དབང་ཤུགས་ཚད་གཞི་བཅས་ཀྱི་ངོས་སོ་སོ་ཁྱོན་ཡོངས་ནས་མཚམས་སྦྱོར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངེས་པ་དོན་གྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་དགོས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་དགོས་པའི་ཐད་མ་ལག་ཚང་བའི་སྒོ་ནས་འཆད་འགྲེལ་དང་ཀློག་འགྲེལ་གཏིང་ཟབ་བྱས། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། སྙན་ཞུའི་གཞུང་རྐང་གསལ་ཞིང་སྒྲོག་འགྲེལ་གོ་བདེ་བ། བརྗོད་དོན་གསལ་ཞིང་དང་བརྗོད་སྙིང་འབུར་དུ་ཐོན་པ། ལོ་རྒྱུས་ཀྱི་ཤོང་ཚད་དང་གཞུང་ལུགས་ཀྱི་མཐོ་ཚད་ལྡན་པས། དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་དེ་ལག་བསྟར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་ངེས་ཅན་ལྡན་ཟེར།

ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་མིན་པའི་ཞིང་ཆེན་གྱི་འགོ་ཁྲིད་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།