ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་མཛེས་འཆོས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2020.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 65

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། མཛེས་འཆོས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། སྲོལ་ཡིག་ལ་བསྡོམས་པས་ལེའུ་དྲུག་དང་དོན་ཚན་བརྒྱད་ཅུ་ཡོད་ལ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་སྤུས་ཚད་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་མཛེས་འཆོས་བྱུག་རྫས་ཐོན་སྐྱེད་བདག་གཉེར་བྱ་འགུལ་དང་དེའི་ལྟ་སྐུལ་དོ་དམ་བྱ་བ་ཚད་ལྡན་དུ་བཏང་།

                                                                                                 ལོ་ཙཱ་བ། བཀྲ་ཤིས་འབུམ།