ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་ཕྱོགས་བསྡུས་དྲ་ཐོག་བསམ་ཚུལ་བརྗེ་རེས་ཚོགས་འདུར་ཞུགས།
2020.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་ཕྱོགས་བསྡུས་དྲ་ཐོག་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཚེས་གསུམ་ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་བ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཨུ་ཡོན་གྱི་འགན་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་དངོས་ཡིན་ལ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་འཚམ་པར་བྱེད་པ་དང་། འགན་འཁྲི་སྒྲུབ་སྟངས་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་གཏིང་ཟབ་བྱེད་དགོས། རྒྱུན་མཐུད་འཚོལ་ཞིབ་དང་གསར་གཏོད་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་ཏན་ཏིག་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་ནས་ཟླ་བ་གཉིས་ལྷག་ཙམ་སོང་བའི་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བྱེད་སྒོ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་དཔེ་ཀློག་འགན་སྒྲུབ་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་རགས་ཙམ་ཆགས་ཡོད་པར་བརྟེན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོར་སྲིད་གྲོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། སྲིད་གྲོས་ཀྱི་རིགས་ཁོངས་དང་རིག་ཚན་ལས་བརྒལ་བའི་བཟང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་གནད་དོན་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་པ་དང་། བློ་བསྡུས་དགེ་འཚོལ་གྱིས་ཇུས་འདོན་སྲིད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། འདྲ་མཉམ་ཁོང་ཡངས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སོ་སོའི་ལྟ་ཚུལ་བརྗོད་རྒྱུ་དར་སྤེལ་གཏོང་དགོས་ལ། བསམ་བློའི་ཁྲིད་སྟོན་ལ་ཡང་དོ་སྣང་བྱེད་དགོས། ལྟ་བ་གདོང་ཐུག་ཡོང་བར་བསྔགས་སྐུལ་བྱ་དགོས་ལ། ཚུལ་མཐུན་གྱི་མཚོན་སྟངས་ཀྱང་དར་སྤེལ་བཏང་སྟེ། སློབ་སྦྱོང་རིམ་བཞིན་གཏིང་ཟབ་ཏུ་སྤེལ་བ་དང་། བསམ་བློ་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། སྦྱོང་སྤྱོད་བརྒྱུད་སྦྲེལ་དང་ཤེས་སྤྱོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔེ་ཆ་ཀློག་པའི་གར་སྟེགས་འོག་གི་རྩོལ་བ་དང་འགན་འཁྲི་སྒྲུབ་པའི་གར་སྟེགས་མདུན་གྱི་ཟློས་གར་འཁྲབ་པ། སློབ་སྦྱོང་ལ་བརྩོན་པ། འགན་འཁུར་ཕོད་པ། འགན་འཁྲི་སྒྲུབ་མཁས་པ་བཅས་བྱེད་དགོས་ཟེར། ཝང་དབྱང་གིས་ནན་གྱིས་བསྟན་དོན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་ནི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་དང་བསྟུན་ནས་སྲིད་གྲོས་ཁོངས་གཏོགས་ཀྱི་ཨུ་ཡོན་གྱི་དཔེ་ཀློག་ཉམས་མྱོང་དྲ་ཐོག་སྤེལ་རེས་ཚོགས་འདུ་བསྡུ་དགོས། ཨུ་ཡོན་སྔར་ལས་མང་པོ་དཔེ་ཀློག་ནང་ཞུགས་རྒྱུར་སྐུལ་ཁྲིད་དང་སྐུལ་ལྕག་བྱས་ཏེ་དཔེ་ཀློག་སྲིད་གྲོས་མཉམ་སྐྲུན་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།