ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་བཙུགས་ནས་ལོ་ངོ་དགུ་བཅུ་འགོར་བའི་རྗེས་དྲན་ཚོགས་ཆེན་ཚེས་དགུ་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཞུ་ཚིག་ཕུལ།
སུན་ཁྲུན་ལན་གྱིས་རྟེན་འབྲེལ་ཞུ་ཚིག་ནང་བསྟན་དོན། ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་སྟེང་དང་བྱ་སྤྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་པ་དང་། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། རྒྱ་ཆེའི་ཞིང་བཟོ་ཏང་གི་སྨན་བཅོས་མི་སྣ་དག་རིམས་འགོག་གི་ལས་ཡུལ་དང་པོའི་བྱ་བར་ཞུགས་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་སྙིང་རྗེ་ཆེན་མོའི་སྙིང་སྟོབས་དང་རྒྱལ་ཁབ་ལ་བཟུང་བའི་བརྩེ་བ་རྒྱས་འགྲེལ་བྱས་ཡོད། ཞིང་བཟོ་ཏང་གིས་མཉམ་ལས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་དུ་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བརྗོད་སྙིང་སློབ་གསོའི་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། དུས་རབས་གསར་བར་ཞིང་བཟོ་ཏང་གིས་སྲིད་ཞུགས་རྒྱལ་བཀུར་དང་དམངས་དོན་དུ་འགན་འཁྲི་ལག་བསྟར་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།