ལིས་ཁི་ཆང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉིན་འགའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱ་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་གྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་ཇེ་དམ་དུ་གཏོང་དགོས།  གཅིག་གྱུར་མཐུན་སྦྱོར་དང་ཕན་ཚུན་གཞོགས་འདེགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་སྣ་མང་གི་ཐོན་ཁུངས་བསྡུ་སྒྲིག་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། ཚན་རྩལ་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་མེ་གསོད་མེ་འགོག་གི་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་རྩིས་བཤེར་བྱས་ཏེ་ཐོལ་བྱུང་མེ་སྐྱོན་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། གཞི་རིམ་གྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་དང་མེ་ཟོན་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཁྲིམས་འགལ་སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མཉམ་འགོག་མཉམ་བཅོས་དང་རྩ་མེད་བཟོ་བའི་ལས་ཀའི་རྣམ་པ་མགྱོགས་མྱུར་ངང་བསྐྲུན་དགོས། ཆེད་ལས་དཔུང་ཁག་སྟོབས་ཆེར་བཏང་ནས་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། རྒྱུན་གཏན་གྱི་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འབྲུབ་འགོག་ནུས་པའི་ཆུ་ཚད་མཐོ་རུ་བཏང་ནས་མེ་སྐྱོན་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།