མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་གཞི་རྩའི་བསམ་ཕྱོགས་ལན་ཏིས་རྒྱལ་སྤྱི་རིག་མཛོད་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་རིག་མཛོད་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་གཞི་རྩའི་བསམ་ཕྱོགས་ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲའོ་པའེ་ཀི་ཡིས་འགོ་མཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་གཞི་རྩའི་བསམ་ཕྱོགས་ངོ་སྤྲོད་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས།

ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ། ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཀྲུའུ་ཞི་ཧོང་ཆི་ཧྥན་དང་། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ། ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཏཱ་ཝེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རྒྱལ་ཁབ་འཕེལ་རྒྱས་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧོང་ཆུན་ཧུའེ། སའེ་ཏིས་ཞིབ་འཇུག་གླིང་གི་སྤྱིའི་བཟོ་སྐྲུན་པ་གཞོན་པ་ཆའོ་པེའོ། གཞི་གྲངས་རྒྱུ་ནོར་ཞིབ་འཇུག་གླིང་རིག་གཞུང་དང་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་ཀྲུའུ་ཅ་མེན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ཆེད་ཞུ་ཆེད་མཁས་པ། ཆིན་ཧྭ་སློབ་ཆེན་རྒྱལ་སྤྱིའི་སྐྱེ་དངོས་དཔལ་འབྱོར་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཧོང་ཀོང་། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲིག་ཧོང་དབྱང་། ཀྲུང་གོའི་གནས་སྐོར་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཐང་ཞའོ་ཡུན། ཀྲུང་གོའི་ས་ཤིང་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མ་རྐང་བདག་པོ་ཀྲའོ་ཏེན་ལའོ། ཀྲུང་གོའི་དམངས་གཙོ་མནའ་མཐུན་ཀྲུང་དབྱང་རིག་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོའི་རིག་གནས་དོ་དམ་མཐུན་ཚོགས་གྲོང་ཁྱེར་རིག་གནས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ། དཔའ་དབྱི་ཆི་མེན་ཤར་ཕྱོགས་འཐབ་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཁི་བཅས་བསྡོམས་པས་ཆེད་མཁས་པ་བཅུ་ཡིས་རྒྱལ་ཁབ་སྤྱི་གླིང་དང་ལན་ཞི་གྲོང་ཁྱེར་ཚོགས། གཞི་གྲངས་དཔལ་འབྱོར། ནུས་ཁུངས་ཐོན་ལས། རིག་གནས་གནས་སྐོར་ཐོན་ལས་སོགས་ཕྱོགས་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཁྱོན་ཡོངས་ནས་བརྟག་བཤེར་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་མ་འོངས་པའི་འཕེལ་རྒྱས་ཐད་ལྟ་ཚུལ་དང་གྲོས་གཞི་བཏོན།

ཞིན་ཁྲང་ཞིང་གིས་ཆེད་མཁས་པས་གྲོས་གཞི་བཏོན་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་ལྔའི་ནང་གི་དང་པོ་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་བཟོ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཐེངས་འདིའི་ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་མང་པོས་ང་ཚོར་ལངས་གནས་མཐོ་ཞིང་མིག་རྒྱ་ཆེ་བའི་གྲོས་གཞི་བཟང་བོ་བཏོན་པ་དང་། ང་ཚོས་དབྱེ་ཞིབ་ནན་མོ་བྱེད་པ་དང་བསམ་གཞིགས་ཟབ་མོ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ནས། སེམས་ཞིབ་མོས་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་སྒྲིག་བཟོ་བྱེད་དགོས་ཟེར།

                                                                                                                 ལོ་ཙཱ་བ། རིན་ཆེན་མཚོ།