མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།
2020.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ལག་བསྟར་དོན་འཁྱོལ་བྱེད་ཐབས་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་དབྱིན་པེ་མཚོ་ནུབ་ཁུལ་ཡན་ལག་ཚོགས་རར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ་ཡིས་ཚོགས་འདུར་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་པའི་དཔུང་སྡེ་ལ་དར་ཆ་གནང་བ་དང་འབྲེལ་ཏེ་བཀའ་སློབ་གནང་ནས། དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྲུན་དང་སྲིད་ཁྲིམས་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་བསླབ་བྱ་གཏོང་བའི་སྙིང་སྟོབས་དེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་བླ་ན་མེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། སྲིད་ཁྲིམས་དཔུང་སྡེ་ཡི་འཐབ་ནུས་རྒྱུན་ཆད་མེད་པར་གོང་འཕེལ་ཏུ་བཏང་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྲིད་ཁྲིམས་བྱ་གཞག་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།