《ཞི་ཅིན་ཕིང་གི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་མཐོ་རིམ་ཚོགས་འདུ་རབ་དང་རིམ་པའི་སྟེང་གི་གསུང་བཤད》ཅེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས།
2020.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

《ཞི་ཅིན་ཕིང་གི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་མཐོ་རིམ་ཚོགས་འདུ་རབ་དང་རིམ་པའི་སྟེང་གི་གསུང་བཤད》ཅེས་པའི་དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་འཚོང་ཁང་སོ་སོ་ནས་འགྲེམས་སྤེལ་བྱས། དེབ་དེའི་ནང་། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་མཐོ་རིམ་ཚོགས་འདུ་རབ་དང་རིམ་པའི་ཐོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གནང་བའི། 《མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གླེང་སྟེགས་སྟེང་གི་གསུང་བཤད》དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གི་གསུང་བཤད》། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཐོ་རིམ་གླེང་སྟེགས་སྟེང་གི་གསུང་བཤད》།《མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་ཚོགས་ནས་ལོ་ཉེར་ལྔ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་ཚོགས་འདུའི་ཐོག་གི་གསུང་བཤད》བཅས་གསུང་བཤད་གལ་ཆེན་བཞི་ཕྱོགས་བསྡུས་བྱས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།