ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 85

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྐབས། རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་སྙིང་སྟོབས་ངེས་པར་དུ་ཡུན་རིང་ལ་རྒྱུན་འཛིན་བྱེད་པ་དང་མི་རབས་ནས་མི་རབས་བར་དར་སྤེལ་བྱེད་དགོས་ཞེས་བསྟན། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་དུས་རབས་གསར་བའི་བགྲོད་ལམ་གསར་བའི་སྟེང་དཀའ་ཁག་ཁྱད་སེལ་དང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་རྒྱུར། མེ་འགོག་ཁྲའོ་རོགས་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་ལོ་དྲུག་ཅུ་ལྷག་གི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོར་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་ཞུགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་།  སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་བསུས་བྱུང་ཟེར། ཚང་མས་བཤད་དོན། རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་སྙིང་སྟོབས་ཀྱིས་ཀྲུང་གོ་མི་དམངས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་མུ་མཐུད་དུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་ངེས་ཡིན་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།