ལིའུ་ཐོ་ཡིས་ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་ནས་ཚེས་སོ་གཅིག་ཉིན་བར། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས། ས་སྲུང་འགན་འཁྲི་དང་ས་སྲུང་འགན་ཡོད་བྱེད་པ་དང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བརྟན་སྲུང་བྱེད་དགོས་ཟེར།

ལིའུ་ཐོ་སྔ་གཞུག་ཏུ་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། མགོ་ལོག་ཁུལ་རྨ་སྟོད་རྫོང་བཅས་ཀྱི་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་དང་འབྲི་ཆུའི་འགོ་ཁུངས་ར་བའི་ཁུལ་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ས་ཚིགས། རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་ས་ནག་ཐང་། བྱེ་འགྱུར་ཅན་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་ས་བཅས་ལ་སོང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་སོགས་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས། ཁོས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ལྟར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བཏོན་པའི་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་པ་དང་རྩིས་ཐོ་མེད་པར་བྱེད་པར་ཁག་ཐེག་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་གི་མ་ལག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཕྱོགས་བསྡུས་ཇུས་བསྟར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱེ་འགྱུར་ཅན་དང་ས་ནག་ཐང་བཅོས་སྐྱོང་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་སྤྱི་སྡོམ་དང་དཔྱད་འཇོག་གྲོས་གཞིའི་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞན་ཆ་ཁ་གསབ་དང་རྐྱེན་སྲོལ་ལེགས་སྒྲིག ཚད་ལྡན་དོ་དམ་བྱེད་པ། ཁྱབ་ཁོངས་ལེགས་སྒྲིག་བྱེད་པ། སྤྱི་གླིང་འཆར་འགོད་གྲ་སྒྲིག་བཟང་བོར་བསྒྲུབ་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།