ཝང་ཀྲིན་ཧྲིན་གྱིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.11.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་གཞི་རིམ་སྤྱི་བདེ་རུ་ཁག་ཏུ་སོང་ནས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་ཉེན་རྟོག་བཅོས་སྐྱོང་ནན་མོ་བྱེད་པའི་སློབ་གསོ་ལེགས་བཅོས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ཟུར་རོགས་པར་འཚམས་འདྲི་བྱས།

ཝང་ཧྲིན་ཀྲིན་གྱིས་རྨ་ལྷོའི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་ལེགས་བཅོས་སྤེལ་བའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བྱ་བ་སྣ་ཚོགས་སྤེལ་བར་བཀོད་སྒྲིག་ཞིབ་མོ་བྱེད་པ། སྤྱི་བདེ་བྱ་བའི་ཐད་ནས་བྱུང་བའི་འགྱུར་ལྡོག་དང་སྤྱི་བདེ་དཔུང་སྡེའི་སྣང་བརྙན་གསར་བ་བཅས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སློབ་གསོ་ལེགས་བཅོས་ཀྱི་བྱུང་བ་དང་ཆོས་ཉིད་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དེ་ངོས་འཛིན་གཏིང་ཟབ་བྱེད་པའི་རེ་བ་ཡིན་པ་མ་ཟད། ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་རྨང་གཞི་གཙོ་བོ་ཡིན་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་གསུང་གི་དགོངས་དོན་གལ་ཆེན་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་སློབ་སྦྱོང་དང་གཅིག་ཤེས་ཀུན་གྲོལ་བྱེད་པའི་སྟེང་ཤུགས་འདོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་སེལ་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་བྱས་ཏེ། སློབ་གསོ་ལེགས་བཅོས་ཀྱིས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ་དང་། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་གསོ་ལེགས་བཅོས་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།