ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཧུའུ་པེ་དང་ཐེན་ཅིན་སོགས་ས་ཁུལ་གྱི་སློབ་གྲྭར་སོང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་སྒྲོག་འགྲེལ་ཟབ་མོ་བྱས།
2020.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མིག་སྔར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཧུའུ་པེ་དང་ཐེན་ཅིན་སོགས་ས་ཁུལ་གྱི་སློབ་གྲྭར་སོང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་སྒྲོག་འགྲེལ་ཟབ་མོ་བྱས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ན་གཞོན་རྣམས་དུས་རབས་གསར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ཞུགས་དགོས་པ་སོགས་ཀྱི་གནད་དོན་ཐད་ནས་དགེ་སློབ་རྣམས་དང་བསམ་བློ་བརྗེ་རེས་བྱས།

ཉེ་ལམ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་གཞོན་པ་ཧྲི་ཀྲི་ཧོང་གིས་ཝུའུ་ཧན་སློབ་ཆེན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཁོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་རིམ་ཡོད་པའི་སྒོ་ནས་རྒྱས་བཤད་དང་འགྲེལ་བཤད་བྱས།

སྙན་ཞུ་ཚོགས་འདུའི་རྗེས་སུ། ཧྲི་ཀྲི་ཧོང་ཝུའུ་ཧན་རིམས་འགོག་འགྲེམ་སྟོན་ཁང་དུ་སོང་སྟེ་ན་གཞོན་སློབ་མ་རྣམས་དང་བསམ་བློ་བརྗེ་རེས་བྱས།

ཐེན་ཅིན་སློབ་ཆེན་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲུའུ་ཆི་མེན་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དོན་སྙིང་གལ་ཆེན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་འཐབ་ཇུས་བསམ་ཕྱོགས་དང་གནད་ལ་འཁེལ་ས་གཙོ་བོ་སོགས་ཀྱི་ཕྱོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཟབ་མོ་བྱས། སྒྲོག་འགྲེལ་སྙན་ཞུ་ཚོགས་འདུས་བརྙན་འཕྲིན་དང་ཁ་པར་བརྒྱུད་དེ་ཐེན་ཅིན་གྱི་མཐོ་རིམ་སློབ་གྲྭ་ང་དྲུག་ལ་དུས་མཉམ་དུ་ཐད་གཏོང་བྱས། ཚོགས་འདུའི་རྗེས་སུ་ཧྲུའུ་ཆི་མེན་གྱིས་དགེ་སློབ་གྱི་འཐུས་ཚབ་ཁ་ཤས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

སྒྲོག་འགྲེལ་སྐབས་སུ། ཧྲུའུ་ཆི་མེན་ད་དུང་ནན་ཁེ་སློབ་འབྲིང་དུ་སོང་ནས་དགེ་སློབ་རྣམས་དང་བཞུགས་མོལ་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།