ཞི་ཅིན་ཕིང་གིས་ཡོ་སི་ཧྥུའུ་པེ་ཏིན་ལ་གློག་འཕྲིན་བཏང་ནས་ཁོ་རང་ཨ་མེ་རི་ཁའི་ཙུང་ཐུང་ལ་གདམ་པར་རྟེན་འབྲེལ་ཞུས།
2020.11.26 ཁུངས། ཀློག་གྲངས། 13

པེ་ཅིན་གྱི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་སི་ཧྥུའུ་པེ་ཏིན་ལ་གློག་འཕྲིན་བཏང་ནས་ཁོ་རང་ཨ་མེ་རི་ཁའི་ཙུང་ཐུང་ལ་གདམ་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་དང་ཡང་མཐུན་པ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་འགལ་བ་མེད་པ་དང་ངོ་རྒོལ་མི་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་མཉམ་ལས་མཉམ་རྒྱལ་གྱི་དགོངས་དོན་གཞིར་བཟུང་ནས་མཉམ་ལས་དམིགས་སུ་འཛིན་པ་དང་འགལ་བ་ཚོད་འཛིན་བཅས་བྱས་ནས། རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ལ་སྔར་ལས་ཡར་སྐུལ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་གློག་འཕྲིན་བཏང་ནས་ཧཱ་ལི་སི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པར་གདམ་པའི་ཐད་ནས་ཁོ་མོར་རྟེན་འབྲེལ་ཞུས།

ལོ་ཙཱ་བ། དཔའ་བརྟན་རྒྱལ།