ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཆེན་ལ་བྱས་རྗེས་རིམ་པ་དང་པོ་གནང་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས།
2020.11.27 ཁུངས། ཀློག་གྲངས། 75

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཆེན་ལ་བྱས་རྗེས་རིམ་པ་དང་པོ་གནང་བའི་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་བསྡུས། གྲོས་ཚོགས་སྟེང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་བཀའ་ཁྱབ་སྒྲོག་འདོན་བྱས་པར་མ་ཟད་བྱ་དགའི་དཔང་ཡིག་བསྩལ། གཟབ་སྦྲེང་རུ་ཆེན་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་གཟབ་སྦྲེང་ལས་འགན་ཁུར་བའི་དམག་དཔུང་གཅིག་པུ་ཡིན་ལ། ལོ་མང་པོར་ཕྱི་རྒྱལ་གྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་བ། དམག་དཔུང་གི་མཐོ་རིམ་དམག་དཔོན་བཅས་ལ་སྐྱེལ་བསུ་བྱེད་པ་དང་། རྗེས་དྲན་དང་དགའ་སྟོན་རྟེན་འབྲེལ་སོགས་རྒྱལ་དོན་བྱ་འགུལ་གལ་ཆེན་གྱི་གཟབ་སྦྲེང་གུས་ཞབས་པའི་འགན་ཁུར་ཡོད། གཅིག་སྟོང་དགུ་བརྒྱ་ང་གཉིས་ལོའི་ཟླ་གསུམ་པར་བཙུགས་པ་དང་ད་ལྟའི་བར་དུ་གཟབ་སྦྲེང་རུ་ཆེན་གྱིས་ཁྱོན་བསྡོམས་པས་འོས་འགན་སྟོང་བཞི་དང་བརྒྱད་བརྒྱ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྔ་གཞུག་ཏུ་རྒྱལ་ཁབ་ཕྱི་ལ་སོང་ནས་དམག་གཟིགས་སྦྱོང་བརྡར་དང་སྔོན་གཤེགས་དང་བླངས་དམག་མིའི་གདུང་རུས་ཕྱིར་རྒྱལ་ནང་དུ་སྐྱེལ་བ་སོགས་ཀྱི་འོས་འགན་ལག་བསྟར་བྱས་པས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་གི་དཔེ་དམག་ཞེས་པའི་གཟི་བརྗིད་མཚན་སྙན་གནང་།

ལོ་ཙཱ་བ། དཔའ་བརྟན་རྒྱལ།