དབྱང་ཀྲི་ཝུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭའི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་འགོས་ནད་འགོག་བཅོས་ཕྱོགས་བསྡུས་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས།
2020.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། འགོག་བཅོས་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། སློབ་གྲྭའི་ཕྱོགས་བསྡུས་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། དགེ་སློབ་ཀྱི་བདེ་ཐང་དང་སློབ་རའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་ཡུས་ཧྲུའུ་ཡན་ལག་སློབ་གྲྭ་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་ལྟེ་གནས་སློབ་གྲྭ། དཔའ་ལུང་རྫོང་སློབ་འབྲིང་སགུམ་པ། དཔའ་ལུང་རྫོང་མི་རིགས་སློབ་འབྲིང་བཅས་ལ་སོང་ནས། སློབ་གྲྭའི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་འགོས་ནད་འགོག་བཅོས། ཕྱོགས་བསྡུས་དོ་དམ་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། སློབ་ཁང་དང་ཉལ་ཁང་། ཟ་ཁང་། སྤྱོད་ཁང་སོགས་ཁུལ་ཁོངས་གཙོ་བོའི་ཁོར་ཡུག་བཅོས་སྐྱོང་དང་དུག་སེལ། བདེ་འཇགས་འཕྲོད་བསྟེན་དོ་དམ། རིགས་འགོག་དངོས་ཟོག་ཉར་གསོག་སོགས་གནས་ཚུལ་ཐད་ནས་ཡུལ་དངོས་ལྟ་ཞིབ་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། སློབ་གྲྭའི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་འགོས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ། སྤྱི་ཚོགས་གཏན་འཇགས་དང་དགེ་སློབ་གྱི་བདེ་ཐང་། ཁྱིམ་ཚང་གི་བདེ་སྐྱིད་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པས། རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྲིད་འཛིན་སྡེ་ཁག སློབ་གྲྭ་བཅས་ཀྱིས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། བསམ་བློ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་བཅོས་ཐད་ཀྱི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱས་ནས། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་བཀག་འགོག་བྱེད་དགོས། བཀོད་སྒྲིག་ཞིབ་མོ་བྱེད་པ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པ་དང་དངོས་གཉེར་ཕན་ཡོད་བརྩོན་ལེན་བྱེད་པ། ཕྱོགས་བསྡུས་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། དགེ་སློབ་ཀྱི་སློབ་གསོ་སྣེ་ཁྲིད་དང་འཕྲལ་བསྟུན་ཐག་གཅོད་འཁྲབ་སྦྱོང་ལ་ཤུགས་སྣོན་དགོས། ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་བགོ་ཞིབ་མོ་བྱེད་པ་དང་བྱེད་ཐབས་ལེགས་བསྒྱུར་བྱེད་པ། ཁོངས་གཏོགས་ས་ཆ་དང་སྡེ་ཁག སློབ་གྲྭ དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་ལྔ་གཏན་ཁེལ་གསལ་བོ་བྱེད་པ། མཉམ་ལས་གསུམ་ལ་ཤུགས་སྣོན་པ། སློབ་རའི་སྲུང་སྐྱོབ་དྲ་ཚིགས་བརྟན་པོ་བཙུགས་ཏེ། ཞབས་ཞུ་འགན་སྲུང་ནུས་པ་མཐོར་འདེགས་གཏོང་དགོས་ཟེར། དབྱང་ཀྲི་ཝུན་ད་དུང་ལི་ཏུའུ་ཆུའུ་ཞིང་སྡེ་བྱིས་གཉོར་ཁང་དུ་སོང་ནས་སློབ་གྲྭ་བསྒྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་བདེ་འཇགས་སྤུས་ལེགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།


ལོ་ཙཱ་བ། རིན་ཆེན་མཚོ།