ཉིས་སྟོང་ཉི་ཤུ་ལོའི་ང་ཚོ་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཅེས་པའི་བརྙན་ཐུང་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།
2021.01.08 ཁུངས། ཀློག་གྲངས། 102

༼    གསར་འགོད་པ། སྐལ་བཟང་རྣམ་རྒྱལ།  ༽    ཉིས་སྟོང་ཉི་ཤུ་ལོའི་ང་ཚོ་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཅེས་པའི་བརྙན་ཐུང་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཝེ་སོགས་འགོ་ཁྲིད་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་ཞུགས།

རྒྱུས་ལོན་པ་ལྟར་ན། ང་ཚོ་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཅེས་པའི་བརྙན་ཐུང་འགྲན་སྡུར་གྱི་བརྩམས་ཆོས་བསྡུ་བའི་བྱ་བ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་མགོ་བརྩམས་ཤིང་། ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་བསྡུ་མཚམས་བཞག ཁྱོན་བསྡོམས་བརྩམས་ཆོས་བརྒྱ་དང་དོན་གསུམ་འབྱོར་ཞིང་། དེའི་ནང་བརྩམས་ཆོས་གྱ་བདུན་བསྡུ་ལེན་བྱས། བརྩམས་ཆོས་ཚང་མ་མཚོ་སྔོན་ཁྲང་ཡུན་དྲ་ངོས་སུ་བཞག་ནས། མིག་སྔའི་བར་དུ་སྤྱིའི་ཀློག་གྲངས་ཁྲི་གསུམ་དང་སྟོང་ལྔ་སུམ་བརྒྱ་དང་དྲུག་ལ་སླེབས་ཤིང་། ཀློག་གྲངས་ལྔ་བརྒྱ་བརྒལ་བའི་བརྩམས་ཆོས་ཉེར་བཞི་ལྷག་ཙམ་ཡོད་ལ། བརྩམས་ཆོས་དག་ཐོག་མའི་ཞིབ་བཤེར་དང་བསྐྱར་བཤེར། ཡང་བཤེར་བཅས་ཀྱི་གོ་རིམ་བརྒྱུད་མཐར་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གསུམ།ཨང་གསུམ་པ་ལྔ་། ཕུལ་བྱུང་བྱ་དགའ་བཅུ་བཅས་བདམས་ཐོན་བྱུང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ལིག་ལྦེ་ཡིས་བྱ་དགའ་གནང་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་ལིས་ཧྥུ་ཁྲིན་གྱིས་བྱ་དགའ་གནང་བཞིན་པ།

              བྱ་དགའ་གནང་མཁན་གྱི་འགོ་ཁྲིད་དང་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོའི་མཉམ་པར།

ཐེངས་འདིའི་བྱ་དགའ་འཐོབ་པའི་མི་སྣའི་ཁྲོད་དུ་ལོ་བརྒྱད་ཅན་གྱི་བྱིས་པ་ཡོད་ལ། ལོ་ལྔ་བཅུར་བུད་པའི་སྨྱན་བྱད་ལས་བཟོ་བ་ཡང་ཡོད། ཁོ་ཚོའི་བརྩམས་ཆོས་ཀྱི་བརྙན་རིས་མཛེས་ཤིང་། བརྗོད་བྱ་འདེམས་ཕྱོགས་ལ་གསར་གཏོད་ཀྱི་རང་བཞིན་ལྡན་པ་མ་ཟད། མཚོ་སྔོན་གྱི་མི་རིགས་སོ་སོ་དང་། ལས་རིགས་སོ་སོ། མི་སྒེར་དང་ཚོགས་པ་སོ་སོས་དབུལ་ཐར་མཁྲེགས་གཏོར་གྱི་བགྲོད་ལམ་སྟེང་ན་འབད་འཐབ་བྱེད་ཀྱིན་པའི་བརྒྱུད་རིམ་ཚང་མ་ཟིན་ཐོར་བཀོད་ཅིང་། ཕྱོགས་དང་ཟུར་མི་འདྲ་བ་ལ་བརྟེན་ནས་མཚོ་སྔོན་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་འཁུར་འོག་འབྱོར་འབྲིང་གི་ཕྱོགས་སུ་དགའ་ཐུབ་ཀྱིས་བསྐྱོད་པའི་གཏམ་རྒྱུད་བརྗོད་ཡོད་ལ། མཚོ་སྔོན་གྱི་མཁར་གྲོང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་མངོན་པར་བྱས་ཡོད།