ཁྲིན་རོས་ཧྥུན་གྱིས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས། 
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥུན་གྱིས་ཚེས་བཅུ་ཉིན་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས་པ་དང་། ལས་བྱེད་པ་རྒན་པ་དག་ལ་ལོ་གསར་བར་སྤྲོ་སྐྱིད་ལྡན་པ་དང་བདེ་ཐང་ཚེ་ཐག་རིང་བ། ཁྱིམ་ཚང་བདེ་སྐྱིད་ལྡན་པར་སྙིང་ཐག་པ་ནས་སྨོན་འདུན་ཞུས། 

ཁྲིན་རོས་ཧྥུན་སྔ་གཞུག་ཏུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་སྟེ། སྔོན་ཆད་ཀྱི་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོས་ཞིན་གོ་དང་སྔོན་ཆད་ཀྱི་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཱ་ཞའོ་ཧྥེ་གཉིས་ཀྱི་ཁྱིམ་དུ་སོང་སྟེ། ཁོ་ཚོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། མགོ་ཁྲིད་ལས་བྱེད་པ་རྒན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཉན་པར་མ་ཟད། ཁོ་ཚོས་ཟི་ལིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བཞག་པའི་རྨང་གཞི་བརྟན་པོ་དང་བྱས་རྗེས་གལ་ཆེན། བསགས་པའི་ཉམས་མྱོང་བཟང་བོ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས། 

ཁྲིན་རོས་ཧྥུན་གྱིས་འབྲེལ་ཡོད་སྡེ་ཁག་གིས་ཏང་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་བོ་དར་སྤེལ་བྱེད་པའི་མཐོ་ཚད་ནས། བརྩེ་སེམས་ཆེན་མོས་རྒན་པར་བརྩི་བཀུར་བྱས་པ་དང་། འགན་འཁྲི་ཁུར་དུ་བླངས་ནས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱས་ཐོག སྔར་བཞིན་དུ་ལས་བྱེད་པ་རྒན་པའི་སྲིད་ཇུས་དངོས་འབེབ་གང་ལེགས་བྱེད་པ་དང་། ལས་བྱེད་པ་རྒན་པའི་ནུས་པ་འདོན་སྤེལ་བྱེད་པའི་ཞོར་དུ་ལས་བྱེད་པ་རྒན་པའི་འཚོ་བར་བདག་སྐྱོང་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།