མཱ་ཅི་ཞའོ་ཡིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ནས་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ།
2021.01.16 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་ཡིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ནས་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ། འཚམས་འདྲི་ཚོགས་པ་སྔ་གཞུག་ཏུ་མཚོ་སྔོན་མཚོ་ལྷོ་ཐེན་ཧི་ལམ་ཟམ་བཟོ་སྐྲུན་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཡོན་ཐེན་ཀུའུ་གཞི་གྲངས་ཆེན་མོའི་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་དང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཅིན་ཨན་གཞིས་ཁུལ་སོགས་སུ་སོང་ནས། ལས་གནས་སྟེང་གི་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མིར་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་བཅུག་པར་མ་ཟད། ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ལོ་ཙཱ་བ། བན་དེ་སྐྱབས།