ཀྲང་ལིས་ཀྱིས་ཚན་རྩལ་འདེགས་སྐྱོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།
2021.01.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དུ། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཐེམ་ཆེན་རྫོང་དུ་སོང་ནས་ཚན་རིག་ཞིབ་འཇུག་མཁྲེགས་བརྟོར་དང་ཚན་རྩལ་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་ནན་མོ་བྱེད་རྒྱུ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ནས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས། ཚན་རྩལ་གྱི་སྟོབས་ཤུགས་གཅིག་བསྡུས་དང་མཐུན་སྦྱོར་གསར་གཏོད་ལ་ཤུགས་བསྣན་ནས། ཚན་རྩལ་འདེགས་སྐྱོར་གྱི་དཔེ་སྟོན་སྣེ་འདོམས་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ལོ་གསུམ་རིང་གི་ལག་ལེན་ཇུས་གཞིའི་དམིགས་འབེན་འོས་འགན་དང་བླང་བྱར་ཚད་བསྡུར་བྱས་ཏེ། མ་ལག་དང་ལྡན་པའི་བསམ་གཞིགས་གཏོང་སྟངས་རྒྱུན་འཁྱོངས་དང་། ཕན་འབྲས་དང་མ་རྩ། ངེས་པར་མཁོ་བའི་མིག་མདུན་གྱི་གནད་དོན་དང་རྒྱང་རིང་གི་གནད་དོན། ཞིབ་འཇུག་དང་ཁྱབ་སྤེལ། རང་རྟོགས་གསར་གཏོད་དང་མཐུན་སྦྱོར་གསར་གཏོད་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཚན་རྩལ་གྱི་འདེགས་སྐྱོར་ཡོད་པའི་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས།

ལོ་ཙཱ་བ། བན་དེ་སྐྱབས།