མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་གྲ་སྒྲིག་བྱེད་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་གྲ་སྒྲིག་བྱེད་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཚན་ཁག་དང་ཕྱོགས་སོ་སོས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྒྲུབ་པའི་གནས་ཚུལ་སྙན་ཞུར་ཉན་ནས། མ་འོངས་པའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཀྲང་ཀོང་རུང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་འགོ་རྩོམ་པའི་ལོ་དང་བརྒྱ་ལོ་གཉིས་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་གནད་འགག་གི་དུས་སྐབས། རིམས་ནད་འགོག་སྡོམ་ལ་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པའི་གནད་འགག་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀུན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་རྒྱུ་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་ཀྱི་ལག་ལེན་ཞིབ་ཕྲ་དང་ཞིབ་བཤེར་ཚད་ལེན་ལྟ་བུར་བརྩིས་ནས། འགན་ཁུར་བའི་རྣམ་འགྱུར་དང་མཐུན་སྒྲིལ་མཐུན་སྦྱོར་གྱི་སྙིང་སྟོབས། རྨང་བརྟན་ཞིབ་ཚགས་ཀྱི་བྱེད་ཕྱོགས། བདེན་གཉེར་ཕན་ཆེ་ཡི་བྱེད་ཕྱོགས་བཅས་ལ་བརྟེན་ནས་གྲོས་ཚོགས་ཀྱི་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས།

ལོ་ཙཱ་བ། བན་དེ་སྐྱབས།