རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་མགོ་བརྩམས།
2021.03.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 69

ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས། ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས5ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྟོང་གསུམ་ཙམ་གྱིས་མི་དམངས་ཀྱི་མངག་བཅོལ་གལ་ཆེན་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་རླབས་ཆེན་ལག་བསྟར་ནན་མོ་བྱེད་རྒྱུ་རེད།

ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། འདི་ནི་ཞི་ཅིན་ཕིང་ཚོགས་རར་ཕེབས་པའི་ཚུལ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨའེ་ལེ་ཀུན.དབྱི་མེན་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེང་། པད་མ་འཕྲིན་ལས། ཏེན་ཀྲུང་ལི། ཧའོ་མེང་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དང་ང་གསུམ་ཡོད་ལ། ཚེས5ཉིན་གྱི་སྔ་དྲོའི་གྲོས་ཚོགས་ལ་མི་སྟོང་གཉིས་དང་དགུ་བརྒྱ་ཞུགས་ཡོད་པ་དང་མི་ང་གསུམ་ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་མགོ་འཛིན་མཛད།

སྔ་དྲོའི་དུས་ཚོད9སྟེང་ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་བསྡོམས་པས་ཚན་པ་གསུམ་དུ་དབྱེ་ཡོད་དེ། དང་པོ་ནི2020ལོའི་བྱ་བར་ཕྱིར་ལྟ་དང་། གཉིས་པ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་གཙོ་བོ། གསུམ་པ་ནི 2021ལོའི་བྱ་བའི་གཙོ་གནད་བཅས་རེད།

ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་བསྟན་དོན། འདས་པའི་ལོ་ངོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་པ་གཙོ་བོའི་ཁྲོད་དུ་གཅིག་པུས་དཔལ་འབྱོར་འཕར་བ་མངོན་འགྱུར་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ཁྲོད་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཏེ། མི་དམངས་ཡིད་ཚིམ་པ་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་ཟིན་ཐོར་འགོད་ཆོག་པའི་རྒྱུགས་ལན་བཟང་པོ་ཞིག་སྤྲད་ཡོད།

ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་ཕྱོགས་བདུན་ནས་ལོ་གཅིག་རིང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བྱས་པའི་གནས་ཚུལ་སྤྱི་སྡོམ་གནང་བ་སྟེ། ཚོང་རའི་གཙོ་གཞིའི་ཆེ་མཐོང་སྲིད་ཇུས་མགྱོགས་མྱུར་ངང་གཏན་འབེབས་དང་ལག་བསྟར་བྱེད་པར་དམིགས་ནས། དཔལ་འབྱོར་གྱི་གཞི་རྩ་བརྟན་བརླིང་ཡོང་བར་བྱས་པ་དང་། ལས་ཞུགས་བརྟན་བརླིང་ཡོང་བ་དང་དམངས་ཚིས་འགན་སྲུང་བྱེད་པ་དམིགས་སུ་བཟུང་ནས། མི་དམངས་ཀྱི་འཚོ་བར་དངོས་སུ་འགན་སྲུང་བྱས་པ། མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་ལེགས་པར་བརྒྱབ་སྟེ། དམིགས་འབེན་དང་ལས་འགན་གཙོ་བོ་དུས་ལྟར་ལེགས་འགྲུབ་བྱས་པ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་དང་ནང་གནས་སྒུལ་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བ། ཚན་རྩལ་གསར་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཐོན་ལས་རིགས་སྒྱུར་རིམ་སྤར་གྱི་གོམ་འགྲོས་སྔར་ལས་ཇེ་མགྱོགས་སུ་བཏང་བ། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ཆགས་སྟངས་སྔར་ལས་ལེགས་སྒྱུར་བྱས་པ། ཁྲིམས་ལྟར་སྲིད་འཛིན་པ་དང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་པ་བཅས་རེད།

འདས་པའི་ལོ་ངོ་ལྔ་ཡི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་བླངས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་ལྟ་བྱས་རྗེས། ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད》(འཆར་ཟིན)བཟོས། རྩ་གནད་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་དངོས་སྒྱུར་ཚད་འཇལ་བྱས་ཡོད་ལ། རྩོམ་ཡིག་ཧྲིལ་པོ་ཚོགས་ཆེན་ལ་སྤྲད་དེ་ཞིབ་བཤེར་བྱེད་དུ་བཅུག་ཡོད།

ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་བསྟན་དོན། རྩ་གནད་འཆར་ཟིན་ནང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་སྲུང་འཛིན་བྱས་ཡོད། དཔལ་འབྱོར་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་སྐྱོད་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ལོ་འཁོར་སོ་སོའི་གནས་ཚུལ་ལ་དམིགས་ནས་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་འབེན་བཏོན་པ་དང་། ཁོངས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ཀྱི་འཕར་ཚད་དེ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་ལས་མཐོ་བ་དང་། མཁར་གྲོང་གི་བརྟག་དཔྱད་ཁྲོད་ཚུད་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡི་ནང་ཚུན་དུ་ཚོད་འཛིན་བྱེད་པ་དང་། དངོས་གོང་ཆུ་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་པ། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བ། རྒྱལ་ནང་གི་ཚོང་ར་སྟོབས་ལྡན་དུ་བཏང་ནས། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཐབ་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཁྱབ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་བྱེད་པ། དམངས་ཚིས་བདེ་སྐྱིད་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་བཏོན་ཡོད།

ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་བསྟན་དོན། 2021ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆའི་དྲུག་ཡན་འཕར་བ་དང་། མཁར་གྲོང་གི་ལས་ཞུགས་མི་སྣ་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་གསར་སྣོན་བྱེད་པ། མཁར་གྲོང་གི་བརྟག་དཔྱད་དུ་ཚུད་པའི་ལས་ཤོར་ཐོ་འགོད་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་སུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གསུམ་ཡས་མས་སུ་སླེབས་པ། ཕྱིར་གཏོང་ནང་འདྲེན་གྱི་གྲངས་ཚད་དང་སྤུས་ཚད་མཐོར་འདེགས་བཏང་སྟེ་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོ་བརྟན་བརླིང་སྒོས་གོང་དུ་སྤར་བ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་ལས་ལེགས་བཅོས་བྱེད་པ་དང་། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་ཚད་དེ་བརྒྱ་ཆའི་གསུམ་ཡས་མས་སུ་མར་གཅོག་པ། བཙོག་དངོས་ཕྱིར་འབུད་ཚད་མུ་མཐུད་དུ་མར་ཆག་པར་བྱེད་པ། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་དུ་སྲུང་འཛིན་བྱེད་པ་བཅས་རེད།

ལིས་ཁི་ཆང་གིས་སྙན་ཞུའི་ཁྲོད་བསྟན་དོན། 2021ལོར་གཙོ་བོ་ཕྱོགས་བརྒྱད་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་སྟེ། ཆེ་མཐོང་སྲིད་ཇུས་ཀྱི་མུ་འབྲེལ་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ལུགས་མཐུན་བར་ཁོངས་སུ་འཁོར་སྐྱོད་ཡོང་བར་སྐུལ་འདེད་བྱེད་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ལེགས་པར་བསྐྱེད་དགོས་པ། གསར་སྐྲུན་ལ་བརྟེན་ནས་དངོས་གཟུགས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕར་བར་སྐུལ་འདེད་གཏོང་བ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་ལེགས་པོ་བྱེད་དགོས་པ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་རྩའི་གནས་ས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་ཚོང་རའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་པ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་བརྟན་བརླིང་འཕེལ་རྒྱས་དང་ཞིང་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས་པ། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ཏེ། ཕྱི་ཕྱོགས་ཉོ་འཚོང་དང་ཕྱི་ཕྱོགས་མ་དངུལ་བརྟན་བརླིང་ཁྲོད་སྤུས་འདེགས་བྱེད་དགོས་པ། སྦག་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས་པ། དམངས་ཚིས་བདེ་སྐྱིད་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་པ་བཅས་རེད།

སྙན་ཞུའི་ཁྲོད། ལིས་ཁི་ཆང་གིས་ད་དུང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་དང་། མི་རིགས་དང་ཆོས་ལུགས། ཕྱི་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དང་འགྲམ་ངོགས་གཉིས་ཀྱི་འབྲེལ་བ། དེ་མིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་པའི་ཐད་ནས་རྒྱས་བཤད་གནང་།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱི་འཆར་ཟིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང་། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུ། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། 2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱ་རྒྱུ་རེད།

   ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་སོ་སོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་།

རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ནི་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་ཀྱི་རྩ་བའི་བཅའ་ཁྲིམས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་དང་ཞི་ཅིན་ཕིང་གི་ཁྲིམས་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པར། ལག་ལེན་གྱི་ཉམས་མྱོང་ནན་ཏན་གྱིས་ཕྱོགས་སྡོམ་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་བརྒྱབ་སྟེ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། འཆར་ཟིན་ལ་བསྡོམས་པས་དོན་ཚན་སོ་བདུན་ཡོད་པ་དང་། བཟོ་བཅོས་བརྒྱབ་པའི་ནང་དོན་ལ་གཙོ་བོ“སྤྱིའི་རྩ་དོན”གྱི་ལེའུ་གཅིག་ཁ་སྣོན་བྱས་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་འགན་དབང་ཐད་ཀྱི་འབྲེལ་ཡོད་གཏན་ཁེལ་འཐུས་ཚང་དུ་བཏང་ཡོད་ལ། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་ཁེལ་འཐུས་ཚང་དུ་བཏང་བ་དང་། ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་དགོས་མཁོ་དང་མཐུན་པའི་འབྲེལ་ཡོད་ནང་དོན་ཁ་སྣོན་བརྒྱབ་ཡོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་བསྐོ་འཐེན་དབང་ཆ་འཐུས་ཚང་དུ་བཏང་བ་དང་། འཐུས་མིའི་བྱ་བ་དང་འཐུས་མིར་འབྲེལ་གཏུག་དམ་ཟབ་བྱེད་པར་ཤུགས་སྣོན་པ་བཅས་འདུས།

རྒྱལ་ཡོངས་དམངས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ་བཟོ་བཅོས་སྐོར་གྱི་འཆར་ཟིན་གྱི་གསལ་བཤད་ལས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ལམ་ལུགས་དང་བྱ་བའི་འགྲོ་རིམ་གྱི་གཞི་རྩའི་ཁྲིམས་ལུགས་ཡིན། རྒྱལ་ཡོངས་དམངས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ་ལ་བཟོ་བཅོས་བརྒྱབ་པ་ནི་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་གྱི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། བརྒྱུད་རིམ་ཡོངས་ནས་དམངས་གཙོ་ཡོང་བར་བྱས་ཏེ། མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་ཁག་ཐེག་དང་འཕེལ་རྒྱས་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་ཡིན། ལག་ལེན་གྱི་ཉམས་མྱོང་ལ་སྤྱི་སྡོམ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་ཕྱི་ཡུལ་གྱི་བླང་བྱ་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན། འཆར་ཟིན་ལ་བསྡོམས་པས་དོན་ཚན35ཡོད་པ་དང་། བཟོ་བཅོས་ཀྱི་ནང་དོན་གཙོ་བོར། གྲོས་ཚོགས་བསྡུ་བའི་འབྲེལ་ཡོད་ཀྱི་གྲ་སྒྲིག་བྱ་བ་གཏན་འཁེལ་བྱས་པ་དང་། གྲོས་ཚོགས་ཀྱི་སྒྲིག་ལམ་ཁ་གསལ་བཟོས་པ། གྲོས་ཚོགས་ཀྱི་གོ་རིམ་འོས་འཚམ་གྱིས་ཟོར་ཡང་བཟོས་པ་དང་གྲོས་མོལ་སྤུས་ཚད་དང་ནུས་ཕྱོད་ཇེ་མཐོར་བཏང་བ། གྲོས་ཚོགས་ཡོངས་བསྒྲགས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་ལུགས་གྱོད་དོན་སོགས་གྲོས་གཞིར་ཞིབ་བཤེར་གྲོས་མོལ་བྱེད་པའི་གོ་རིམ་འཐུས་ཚང་དུ་གཏོང་བ། འཆར་འགོད་རྩ་གནད་ཀྱི་ཞིབ་བཤེར་གྲོས་མོལ་ཆོག་མཆན་དང་སྙོམས་སྒྲིག་གོ་རིམ་ཚད་ལྡན་དུ་བཟོ་བ། ཚོགས་ཆེན་གྱིས་གྲོས་འཆམ་བྱུང་བའི་དོན་ཚན་གྱི་ཁྱབ་སྒྲོག་གོ་རིམ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ་བཅས་འདུས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོ་ལམ་ལུགས་སྐོར་གྱི་ཆོད་དོན་གྱི་འཆར་ཟིན་གསལ་བཤད་ལས་བསྟན་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱེད་པའི་འདེམ་བསྐོ་ལམ་ལུགས་དང་དེར་འདུས་པའི་སྲིད་འཛིན་མགོ་གཙོ་འདེམས་ཐབས་དང་ཁྲིམས་འཛུགས་ཚོགས་པ་འཛུགས་ཐབས་ནི། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་སྒྲིག་གཞི་ཡི་གྲུབ་ཆ་གལ་ཆེན་ཡིན། ཞང་ཀང་སྤྱི་ཚོགས་ཁྲོད་དུ་བྱུང་བའི་ཟིང་ཆ་འགའ་རེ་ལས་གསལ་པོར་མཚོན་པ་ནི། ཞང་ཀང་གི་ད་སྔའི་འདེམ་བསྐོ་ལམ་ལུགས་ནང་རྐྱེན་ལ་སྟོང་ཆ་དང་མི་འདང་ས་མངོན་གསལ་ཡོད་ལ། ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་བཏོན་ནས་ཞང་ཀང་གི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ལམ་ལུགས་ནང་རྐྱེན་ཕྱོགས་སུ་གནས་པའི་མངོན་མེད་རྐྱེན་ངན་དང་ཉེན་ཁ་བསལ་ནས། རྒྱལ་གཅེས་པ་གཙོ་གཞི་ཡིན་པའི“ཞང་ཀང་པས་ཞང་ཀང་སྐྱོང་བ”ལ་ཁག་ཐེག་བྱེད་དགོས། ཞང་ཀང་གི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྤྱིའི་རིག་ལམ་ནི། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་བསྐྱར་འཛུགས་དང་དབང་སྤྲོད་ཁ་སྣོན་དེ་ལྟེ་བར་བཟུང་ནས་སྤྱི་ཁོག་ལམ་ལུགས་ཇུས་འགོད་བྱེད་པ་དང་། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞི་ཁྱོན་དང་གྲུབ་ཚུལ། ཐོན་ཐབས་ལ་སྙོམས་སྒྲིག་དང་ལེགས་སྒྲིག་བྱེད་པ། མུ་མཐུད་དུ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལས་སྲིད་འཛིན་མགོ་གཙོ་ཐོན་པ། འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་བསྡུར་ཚད་ཅུང་ཆེ་བའི་ཁྲིམས་འཛུགས་ཚོགས་པའི་གྲོས་མི་དང་ཐད་ཀར་འོས་འདེམ་ལ་ཞུགས་པའི་ཁྲིམས་འཛུགས་ཚོགས་པའི་གྲོས་མི་ཡི་འདེམ་སྒུག་འོས་མི་འདེམ་བསྐོ་ལས་ཐོན་པའི་འགན་ནུས་གསར་པ་སྤྲོད་པ། འདེམ་བསྐོ་ཨུ་ཡོན་ལྷན་ཁང་བརྒྱུད་ནས་ཞང་ཀང་སྤྱི་ཚོགས་ཀྱི་དོ་མཉམ་གོ་རིམ་ལྡན་པའི་ཆབ་སྲིད་ཐེ་ཞུགས་དང་སྔར་ལས་རྒྱ་ཁྱབ་ཀྱི་ཚབ་མཚོན་རང་བཞིན་རྒྱ་བསྐྱེད་པ། འབྲེལ་ཡོད་འདེམ་བསྐོའི་རྒྱུ་རྐྱེན་གལ་ཆེན་ལ་འོས་འཚམ་གྱིས་སྙོམས་སྒྲིག་བྱེད་པ། དེ་དང་མཉམ་དུ་འགྲོ་རིམ་ཡོངས་ཀྱི་ཐོབ་ཐང་ཞིབ་བཤེར་ནང་རྐྱེན་འཛུགས་པ་དང་། དེ་དང་བསྟུན་ནས་ཞང་ཀང་གི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་ཞང་ཀང་གི་ཁྱད་ཆོས་ལྡན་པའི་དམངས་གཙོའི་འདེམ་བསྐོ་ལམ་ལུགས་གསར་པ་གྲུབ་པར་བྱེད་པ་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་ཞིབ་འཇུག་དང་འབྲེལ་ཡོད་ཕྱོགས་ལ་འབྲེལ་འདྲིས་བྱས་རྗེས། “ཆོད་དོན་གྱི་ཁར་ཁྲིམས་བཟོ་སྣོན་པའི”བྱེད་ཐབས་བཀོལ་བ་དང་། གོ་རིམ་བགོས་ནས་སྐུལ་འདེད་དང་ལེགས་འགྲུབ་བྱེད་ཐབས་བཏོན། གོམ་པ་དང་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་དང་ཞང་ཀང་གཞི་རྩའི་བཅའ་ཁྲིམས། ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོ་ལམ་ལུགས་སྐོར་གྱི་ཆོད་དོན་བཟོས་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོ་ལམ་ལུགས་ལ་བཟོ་བཅོས་དང་འཐུས་ཚང་ཏུ་གཏོང་བར་བརྩི་སྲུང་བྱ་འོས་པའི་གཞི་རྩའི་རྩ་དོན་དང་། བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་རྒྱུ་རྐྱེན་གཙོ་བོའི་ནང་དོན་གཏན་འཁེལ་བྱེད་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དབང་ཆ་སྤྲད་ནས། ཆོད་དོན་འདི་ཉིད་གཞིར་བཟུང་སྟེ་ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོ་དང་ཟུར་བཀོད་གཉིས་པ་ལ་བཟོ་བཅོས་རྒྱག་པ། གོམ་པ་གཉིས་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་ཞང་ཀང་གཞི་རྩའི་བཅའ་ཁྲིམས། ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆོད་དོན་གཞིར་བཟུང་སྟེ། ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་དང་པོ《ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་མགོ་གཙོ་འདེམས་ཐབས》དང་ཟུར་བཀོད་གཉིས་པ《ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཚོགས་པ་འཛུགས་ཐབས་དང་ཐག་གཅོད་གོ་རིམ》ལ་བཟོ་བཅོས་རྒྱག་པ་དང་། བཟོ་བཅོས་བརྒྱབ་རྗེས་ཀྱི་ཟུར་བཀོད་དང་པོ་དང་ཟུར་བཀོད་གཉིས་པ་ལས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་དམངས་གཙོའི་འདེམ་བསྐོ་ལམ་ལུགས་གསར་པར་བྱེ་བྲག་ཁ་གསལ་གྱི་གཏན་འཁེལ་བཟོ་རྒྱུ།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་ལ་ད་དུང་ཏེན་ཞུའེ་ཞང་དང་། ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིན་ལིས། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཟུར་ཞུགས་བྱས་པ་དང་ཡང་ན་ཚོགས་ཆེན་ལ་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣས་ཚོགས་ཆེན་ལ་ཟུར་ཉན་བྱས།

རྩོམ་སྒྲིག་པ། ཕྱུག་ལོ།