ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་གྱི་སྲིད་གྲོས་ཨུ་ཡོན་དག་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་མཛད།
2021.03.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཨུ་ཡོན་དག་གི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བའི་ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ཡང་དག་པར་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་དེ་ཞང་ཀང་གི་དོན་དངོས་གནས་ཚུལ་དང་འཚམ་པར་བྱེད་པ་དང་། སྤྱི་ཚོགས་ཧྲིལ་བོའི་ཁེ་ཕན་མཚོན་པར་བྱེད་པ། ཁྲིམས་ལྟར་ཞང་ཀང་གི་སྤུན་ཟླ་དག་རྒྱ་ཆེར་དོ་མཉམ་དུ་ཆབ་སྲིད་ལས་དོན་ཁྲོད་ཞུགས་པར་འགན་སྲུང་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བ་དང་། ཞང་ཀང་གི་དོ་དམ་བཅོས་སྐྱོང་དབང་ཆ་དེ་ངེས་པར་དུ་བློ་བརྟན་འགྱུར་བ་མེད་པའི་རྒྱལ་གཅེས་མཁན་གྱི་ལག་ཏུ་འཛིན་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་ཞང་ཀང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་གཏན་འབེབས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དག་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་ཡང་འབད་བསྐྱར་འབད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།