མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐེངས་དང་པོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2021.03.26 ཁུངས། ཀློག་གྲངས། 85

ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐེངས་དང་པོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ལིག་བེ་ཡིས་འགོ་འཛིན་མཛད་ཅིང་།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་མཐུན་སྦྱོར་ཚན་ཁག་གི་ཚན་གཙོ་ཀའོ་པོ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གསར་འགྱུར་རགས་སྤེལ་ཚན་ཁག་གི་ཚན་གཙོ་ཀོང་པོ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བཀོད་སྒྲིག་དང་འཕེལ་རིམ་གནས་ཚུལ།   སྐོར་སྐྱོད་མཛུབ་སྟོན་བྱ་བ་ངོ་སྤྲོད་བྱས། དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་སྡེ་ཁག་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་སྡེ་ཁག་བཅུ་དགུ  གསར་འགོད་པ་ཞེ་དྲུག་ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞུགས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ལིག་བེ་ཡིས་ཚོགས་འདུར་འགོ་འཛིན་མཛད།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་མཐུན་སྦྱོར་ཚན་ཁག་གི་ཚན་གཙོ་ཀའོ་པོ། 

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གསར་འགྱུར་རགས་སྤེལ་ཚན་ཁག་གི་ཚན་གཙོ་ཀོང་པོ།

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་བརྗོད་གཞི་ནི་ཏང་ཀྲུང་དབྱང་གིས་ཏང་ཡོན་རྣམས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་གཞི་འཆར་འགོད་གཏན་འབེབས་བྱས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་པ་ལག་ལེན་དོན་འཁྱོལ་བྱས་པ་དང་། ཞིབ་ཚགས་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་ཁྱད་ཆོས་དམིགས་སུ་བཟུང་བ། ཏང་གི་ལོ་རྒྱུས་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ། གོང་རིམ་གྱིས་མཛུབ་སྟོན་དང་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལག་ལེན་དོན་འཁྱོལ་ལ་སྐུལ་འདེད་བྱེད་པ།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཁའ་དབུགས་ཇེ་བརྟན་དུ་གཏོང་བ་བཅས་ལ་གཞིགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བཀོད་སྒྲིག་སྟེང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་ཞིང་གི་ཏང་གི་ལོ་རྒྱུས་ཐོན་ཁུངས་བཀོལ་སྤྱོད་དང་སློབ་སྦྱོང་བྱ་བའི་གཙོ་གནད་དམིགས་སུ་བཟུང་བ། སློབ་སྦྱོང་བྱེད་ཐབས་སྣ་མང་ཅན་དུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས།

                                                                 སྨྱན་བྱད་སྡེ་ཁག

མིག་སྔར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་དེ་རང་ཞིང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་སྡེ་ཁག་དང་ཏང་ཡོན་ནང་ཁུལ་དུ་ཕྱོགས་ཡོངས་ནས་ཁྱབ་བརྡལ་དུ་བཏང་སྟེ། གསར་འགྱུར་སྨྱན་བྱད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་དང་ཡང་དག་པའི་དྲིལ་སྒྲོག་བྱས་པ་བརྒྱུད། རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་མཐོ་རླབས་གང་སར་ཁྱབ་བཞིན་འདུག