ལིས་ཁི་ཆང་གིས་ཆུ་ལོག་སྔོན་འགོག་དང་ཐན་འགོག་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 
2021.04.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 119

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་ཆུ་ལོག་སྔོན་འགོག་དང་ཐན་འགོག་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཆུ་ལོག་སྔོན་འགོག་དང་ཐན་འགོག་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། བདེ་འཇགས་དང་གཏན་འཇགས་ཀྱི་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་བཀོད་འདོམ་བྱེད་པའི་རེ་བ་གཞིར་བཟུང་སྟེ། སྔོན་འགོག་གཙོར་འཛིན་དང་འགོག་སྐྱོབ་ཟུང་འབྲེལ་སྒོས་སྔ་མོ་ནས་གྲ་སྒྲིག་ཡོད་པའི་སྒོ་ནས་ཆུ་ལོག་སྔོན་འགོག་དང་ཐན་འགོག ཉེན་སེལ། རྒུད་སྐྱོབ་བཅས་ལ་རྐང་བཙུགས་ཏེ་ཉེན་ཁའི་རྩད་ཞིབ་ལེགས་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། འཕྲལ་སྒྲུབ་ཇུས་གཞི་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ལྟ་ཞིབ་ཚད་འཇལ་དང་ཉེན་བརྡ་གཏོང་བ། བཟོ་སྐྲུན་བཀོད་སྒྲིག ཉེན་སེལ་རྒུད་སྐྱོབ། གནོད་སྐྱོབ་རོགས་སྐྱོར་སོགས་སྔོན་འགོག་རྒུད་སྐྱོབ་རོགས་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཕྲལ་སྒྲུབ་ཉེན་སེལ་རྒུད་སྐྱོབ་དཔུང་སྡེ་དང་སྒྲིག་ཆས་མཁོ་དངོས་ཀྱི་འགན་སྲུང་ལ་ཤུགས་སྣོན་བྱས་ནས། ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་འཕྲལ་སྒྲུབ་ནུས་པའི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་དངོས་འབེབ་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆུ་ལོག་སྔོན་འགོག་ལས་ཁུངས་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། འབྲེལ་ཡོད་སྡེ་ཁག་གིས་རང་འགན་ཁུར་ནས་ཆེད་ལས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཕྱོགས་སོ་སོས་འདྲིལ་ཤུགས་ཆགས་པར་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཆུ་ལོག་དང་ཐན་པ། དྲག་རླུང་སོགས་ཀྱི་གནོད་འཚེ་ཆེན་མོ་སྔོན་འགོག་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་བསྟན། 


བསོད་ནམས་ཚེ་རིང་གིས་བསྒྱུར།