ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱ་འགུལ་སྤེལ་བ་དང་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བའི་ཐད་ལ་རེ་བ་བཏོན།
2021.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མཁན་བྱེད་དགོས་ཞེས་པ་བརྗོད་དོན་ཡིན་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བའི་ཐད་ལ་རེ་བ་བཏོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅུན་གཉིས་བྱ་འགུལ་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཡུས་ཚོང་ལི་ཡིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་དྲུག་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་སྣང་ཚུལ་བཟང་བོ་ཞིག་སྐྲུན་དགོས་ཞེས་པའི་བརྗོད་དོན་ལ་དམིགས་ཏེ། སློབ་གསོ་དང་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་དམངས་ཡོངས་ཀྱི་རང་རྟོགས་འགུལ་སྐྱོད་དུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་དམངས་ཡོངས་ཞུགས་པ་དང་མི་རེ་རེར་འགན་འཁྲི་ཡོད་པ། མི་རེ་རེ་ཡིས་འགན་འཁྲི་དང་ལེན་བྱེད་པའི་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་བདེ་འཇགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནན་ཏན་སྒོས་ལག་ལེན་བྱེད་པ་དང་། བཞི་པའི་བཅོ་ལྔའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱ་འགུལ་སྤེལ་བ་གོ་སྐབས་སུ་བཟུང་སྟེ། བརྗོད་དོན་དང་དམ་པོར་སྦྲེལ་ཞིང་རྣམ་པ་གསར་སྐྲུན་བྱེད་པ་དང་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། དྲིལ་སྒྲོག་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་དང་ལྡན་པའི་སྤྱི་ཚོགས་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་། ཧུར་ཐག་སྒོས་བདེ་འཇགས་ཀྱི་རྣམ་པ་བཟང་བོ་གསར་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་མཚོ་སྔོན་གྱིས་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཡུས་ཚོང་ལི་ཡིས་གཏམ་བཤད་སྐབས་བསྟན་དོན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་དང་ཀྲུང་ཧྭའི་ཆུ་གཏེར་ཡིན་པས་རྒྱལ་ཡོངས་སུ་སྐྱེ་ཁམས་གོ་གནས་དམིགས་བསལ་ལྡན་པ་དང་འགན་འཁྲི་ཧ་ཅང་ལྗིད། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་གཞི་རྩ་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་མུ་རི་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་དམ་འཛིན་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་བྱས་ཏེ་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲང་ཀོང་རོང་དང་ཐིན་ཅ་ཚེ། མ་ཅི་ཞའོ། ཁྲིན་རོས་ཧྥིན། ལིའུ་ཀི་ཕེན། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། མ་ཧེ་དབྱིན། ཝང་ཀྲིན་ཁྲང་། ཀྲང་ཞོ་རོང་། ཀྲང་ཙིག་ཅུན། མིན་ཡུང་ཧྲན་བཅས་བྱ་འགུལ་ལ་ཞུགས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།