ལིས་ཁི་ཆང་གིས་སི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།
2021.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 67


ཟླ་བཞི་པའི་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སི་ཁྲོན་གྱི་ཀོང་ཡོན་དང་ཏི་དབྱང་། ཁྲིན་ཏུའུ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་བཞི་པའི་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སི་ཁྲོན་གྱི་ཀོང་ཡོན་དང་ཏི་དབྱང་། ཁྲིན་ཏུའུ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་བཞི་པའི་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སི་ཁྲོན་གྱི་ཀོང་ཡོན་དང་ཏི་དབྱང་། ཁྲིན་ཏུའུ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཚན་རིག་དང་མཐུན་པར་ཆེ་ཕྱོགས་ཀྱི་ཚོད་འཛིན་དང་སྙོམས་སྒྲིག་ཁོང་དུ་ཆུད་པར་བྱེད་དགོས་ལ། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པར་མ་ཟད་འཕེལ་འགྲིབ་གཏན་འགོག་བྱེད་པ་དང་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀོང་ཡོན་གྲོང་ཁྱེར་གྱི་ཆིན་ལིན་སྡེ་བ་རུ་ལིས་ཁི་ཆང་གིས་འབྲུ་རིགས་ཐོན་སྐྱེད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ས་དེ་རུ་ཚད་ཡོད་ས་ཞིང་བཀོལ་སྤྱོད་བྱས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་ད་དུང་སྡེ་བའི་མང་ཚོགས་ཞོར་ལས་ལ་སོང་བ་དང་ཡོང་སྒོ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་ཀྲུང་གོའི་ཞིང་བས་ཕྱོགས་གཅིག་ནས་འབྲུ་རིགས་ཐོན་སྐྱེད་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཛུགས་སྐྲུན་ཐད་ཤུགས་བསྣན་ཞིང་དཀའ་སྤྱད་སྒོས་ཞོར་ལས་གཉེར་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་བྱས།

ལིས་ཁི་ཆང་གིས་གཞི་རིམ་མང་ཚོགས་ཀྱི་གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། ཁོང་ཧྲ་ཧི་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཕེབས་ཏེ་སྨན་བཅོས་ཞབས་ཞུ་དང་སྨན་རྫས་སྒྲིག་ཆས་སོགས་ལ་རྟོག་ཞིབ་བྱས་པ་དང་སྨན་བཅོས་མི་སྣས་མི་དམངས་ཀྱི་བདེ་ཐང་དང་པོར་འཇོག་དགོས་པའི་རེ་བ་བཏོན། ཧྲ་ཧི་གྲོང་རྡལ་སློབ་གྲྭ་རུ་ལིས་ཁི་ཆང་གིས་ས་གནས་འགན་འཁུར་བས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཟླ་ཕོགས་ཆུ་ཚད་ས་གནས་སྤྱི་ཞབས་པའི་ཟླ་ཕོགས་ལས་དམའ་མི་ཆོག་པ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ལིས་ཁི་ཆང་གིས་སི་ཁྲོན་ཞིང་ཆེན་གྱིས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་ཁྲིན་ཏུའུ་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་བསྟན་དོན། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ཏེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་སི་ཁྲོན་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག དཀའ་སྤྱད་སྒོས་བྱ་བ་བསྒྲུབ་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་འདོན་དགོས་ཞེས་བསྟན།

ཞོ་ཅེ་དང་ཧི་ལིས་ཧྥིན་གཉིས་ཀ་རྟོག་ཞིབ་ལ་ཞུགས།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།