ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2021.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 110


ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་སྲིད་ཏང་མཉམ་ལས་ལ་ཤུགས་བསྣན་ཏེ་མི་དམངས་ཀྱི་བདེ་སྐྱིད་ལ་བརྩོན་ལེན་བྱེད་དགོས་ཞེས་པའི་གསུང་བཤད་གནང་སྟེ། སྲིད་ཏང་ནི་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས། ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་མིའི་རིགས་ཀྱི་ཆེད་དུ་ཡར་ཐོན་བརྩོན་ལེན་བྱེད་རྒྱུ་ཁག་ཁུར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་འཛམ་གླིང་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་མཁན་བཅས་བྱེད་འདོད་ཡོད།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གི་སྲིད་ཏང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱིས་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་རྒྱུ་ནི་སྲིད་ཏང་གི་འགན་འཁྲི་ཡིན་ཞེས་པ་བརྗོད་དོན་གཙོ་བོ་བྱས། མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་དེ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་བཙུགས། གསེར་ལྡན་ཚོམས་ཁང་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིང་ལ། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱུན་མཐུད་སྒོས་འབད་འཐབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་བསྐྱོད་ལ་སྐུལ་འདེད་བཏང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ལས་བསྐལ་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཁྱོན་ཡོངས་དང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་ཀྲུང་གོ་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་པ་དང་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་མིའི་རིགས་ཀྱི་སྤྱི་ཚོགས་དེ་ཁ་ཕྱོགས་གང་དུ་འགྲོ་བ་དང་བྱ་བ་གང་ཞིག་སྒྲུབ་པའི་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་སུ་ཡང་བསྐྱར་གནས་ཡོད་ལ། དེ་གདམ་གསེས་བྱེད་པའི་དབང་ཆ་ང་ཚོའི་ལག་ཏུ་ཡོད་པ་དང་འགན་འཁྲི་ཡང་ང་ཚོའི་ཁྲག་ཏུ་བབས་ཡོད། མཉམ་དུ་ཁ་གཏད་འཇལ་བར་དམིགས་ཏེ་མིའི་རིགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་དཀའ་ངལ་སེལ་བ་དང་འཆམ་མཐུན་མཉམ་གནས་བྱེད་པའི་ཐབས་ལམ་ཁོ་ནར་བརྟེན་དགོས། སྲིད་ཏང་ནི་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཆ་ནས། ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁག་ཁུར་བྱེད་དགོས། གཅིག ང་ཚོས་ཁ་ཕྱོགས་ལ་སྣེ་ཁྲིད་པའི་འགན་འཁྲི་དང་ལེན་བྱས་ཏེ། མིའི་རིགས་ཀྱི་ཐུན་མོང་གི་མ་འོངས་པ་གསལ་བོར་ཤེས་པར་བྱེད་པ་དང་གསར་བཟོ་བྱེད་དགོས། གཉིས། ང་ཚོས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པའི་འགན་འཁྲི་དང་ལེན་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། དྲང་བདེན། དམངས་གཙོ། རང་མོས་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་རྒྱུན་འཁྱོངས་དང་དར་སྤེལ་བྱེད་དགོས། གསུམ། ང་ཚོས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་འགན་འཁྲི་དང་ལེན་བྱས་ཏེ། འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་པོས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་སྐྲུན་དགོས། བཞི། ང་ཚོས་མཉམ་ལས་ལ་ཤུགས་སྣོན་པའི་འགན་འཁྲི་དང་ལེན་བྱས་ཏེ། ལག་རྡང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། ལྔ། ང་ཚོས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་འགན་འཁྲི་དང་ལེན་བྱས་ཏེ། མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་འདོད་ཡོད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་མཱ་ཧྥུའུ་སཱ་དང་ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སི་ཏང་གི་ཀྲུའུ་ཞི། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏི་ཝེ་ཅེ་ཧྥུའུ། ཨ་ཀིན་ཐེན་དྲང་བདེན་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཧྥེ་ཨར་ནན་ཏི་སི་སོགས་ཀྱིས་མཐོ་རིམ་གྲོས་ཚོགས་སྟེང་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཏེན་ཞེའོ་ཞང་དང་དབྱང་ཅེ་ཁྲི། དབྱང་ཞོ་ཏུའུ། ཁྲིན་ཞི། ཧོང་ཁུན་མེན། ཚེ་ཆི་བཅས་མཐོ་རིམ་གྲོས་ཚོགས་ལ་ཞུགས།

རྒྱལ་ཁབ་བརྒྱ་དང་དྲུག་ཅུ་ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ལྔ་བརྒྱ་ལྷག་ནས་ཡོང་བའི་མགོ་ཁྲིད་པ་དང་སྲིད་ཏང་དང་ལས་རིགས་སོ་སོའི་འཐུས་མི་ཁྲི་ལྷག་གྲོས་ཚོགས་ལ་ཞུགས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།