ཞི་ཅིན་ཕིང་གིས་ཧྲན་ཞི་བཅའ་སྡོད་དམག་དཔུང་གི་རྟེན་གཞི་ག་གེ་མོར་གཟིགས་ཞིབ་དང་རྟོག་ཞིབ་མཛད།
2021.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 198

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲན་ཞི་བཅའ་སྡོད་དམག་དཔུང་གི་རྟེན་གཞི་ག་གེ་མོ་ཞིག་ལ་ཕེབས་ཏེ་གཟིགས་ཞིབ་དང་རྟོག་ཞིབ་མཛད།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲན་ཞི་བཅའ་སྡོད་དམག་དཔུང་གི་རྟེན་གཞི་ག་གེ་མོ་ཞིག་ལ་ཕེབས་ཏེ་གཟིགས་ཞིབ་དང་རྟོག་ཞིབ་མཛད་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་རྟེན་གཞིའི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་བྱེད་པ་དང་དུས་རབས་གསར་བའི་དམག་དོན་འཇབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དམག་འཐབ་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་མྱུར་དུ་གསར་སྐྲུན་འཕེལ་རྒྱས་སུ་གཏོང་དགོས་ལ། འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ནས། འཛམ་གླིང་སྟེང་དུ་མིང་གྲགས་ཆེ་བའི་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་རྟེན་གཞིའི་སྒར་ཁུལ་དུ་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་སྒོས་ཞི་ཨན་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

དེའི་རྗེས་སུ། ཞི་ཅིན་ཕིང་གིས་རྟེན་གཞིའི་བྱ་བ་ཡར་ཞུ་བྱས་པར་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་རྟེན་གཞིས་དུས་ཡུན་རིང་བོར་རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་བཏོན་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། མཁའ་སྐྱོད་དང་གཏོང་འཕེན་གྱི་འདུས་ཚད་ཇེ་ཆེར་འགྲོ་བ་དང་རེ་བ་ཇེ་མཐོར་འགྲོ་བའི་དོན་དངོས་དང་མཐུན་པར་བྱས་ཏེ། རྩ་འཛུགས་མ་དཔེ་ལེགས་སྒྱུར་བྱེད་པ་དང་།  ཚད་ལེན་ཚོད་འཛིན་ལག་རྩལ་དང་བྱེད་ཐབས་གསར་སྐྲུན་བྱས་ནས། ཚད་ལེན་ཚོད་འཛིན་གནད་ལ་འཁེལ་ཞིང་ཡིད་རྟོན་རུང་བ་དང་། ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས། རྒྱལ་ཁབ་བར་སྣང་མ་ལག་གི་འཁོར་སྐྱོད་དོ་དམ་ལག་བསྟར་ལ་གཅིག་གྱུར་འཆར་འགོད་བྱས་ནས། དོ་དམ་དང་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞུའུ་ཆི་ལེང་སོགས་གོང་གི་བྱ་འགུལ་ལ་ཞུགས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།