ལིག་ཁྲའོ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས།
2021.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་ཡིས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་དགོས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་ནས། ཆ་འཕྲིན་ཅན་དང་ཤེས་ནུས་ཅན་ལ་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཁྱད་འཕགས་དང་ཕན་འབྲས་མཐོ་བ། སྟབས་བདེ་ཡིན་པ་བཅས་ཀྱི་སྲིད་དོན་ཞབས་ཞུའི་ཁོར་ཡུག་ཤུགས་ཆེན་པོས་བསྐྲུན་མཐར། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་ཇེ་མཐོར་གཏོང་དགོས།

ལིག་ཁྲའོ་ཡིས་རྟོག་ཞིབ་ཁྲོད་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། ལིག་ཁྲའོ་ཡིས་ནན་གྱིས་བསྟན་དོན།  རྩེ་རིམ་ཇུས་འགོད་ལེགས་བཅོས་གཏོང་བའི་ཐད་ཤུགས་སྣོན་པ་དང་ལས་དོན་འཁོར་སྐྱོད་བདེ་ལེགས་ཡོང་བར་བྱེད་པ། རྨང་གཞིའི་ལས་དོན་ཞིབ་མོ་དང་བདེན་འཛིན་བྱེད་པ། འོག་རིམ་ལ་ལྟ་སྐུལ་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ། མཐུན་སྦྱོར་མཉམ་ཤུགས་ཆགས་པར་ཤུགས་སྣོན་པ། ས་ཁོངས་དང་སྡེ་ཁག རིམ་ངོས་ལས་བརྒལ་བ་བཅས་ཀྱི་ལས་དོན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།