ཞིན་ཁྲང་ཞིང་གིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2021.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་གཏོང་སྟངས་གསར་བ་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་གནས་བཞི་འཛུགས་སྐྲུན་ལ་དམིགས་ནས། མཚོ་ནུབ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྣང་བརྙན་མངོན་པར་བྱེད་དགོས།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་གཏེར་དུང་ཉི་ཤུ་བ་དང་སྣུམ་འདོན་བཟོ་གྲྭ་གསུམ་པའི་མཉམ་འབྲེལ་ས་ཚུགས། སྣུམ་འདོན་བཟོ་གྲྭ་དབྱིན་ཏུང་ཉི་འོད་ནུས་པའི་དཔེ་སྟོན་ཁུལ། དབྱིན་ཏུང་སྣུམ་ཞིང་། མཚོ་སྔོན་སྣུམ་ཞིང་འགྲེམ་སྟོན་ཁང་། མཚོ་ནུབ་ཁུལ་མཚོ་སྔོན་སྣུམ་ཞིང་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་བཅས་ལ་སོང་ནས། ཐོན་སྐྱེད་འཁོར་རྒྱུག་དང་དམངས་བདེ་ཞབས་ཞུ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ལས་བཟོ་བར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཁྱེད་ཚོས་དཀའ་སྤྱད་འབད་འཐབ་དང་རིན་ཐང་ཆེན་པོ་བསྐྲུན་པའི་སྙིང་སྟོབས་ཀྱིས་མི་ཡོངས་ལ་སེམས་འགུལ་ཐེབས་པར་བྱེད་པ་དང་། ཁྱེད་ཚོ་ནི་དུས་རབས་གསར་བའི་ནང་གི་དཔའ་བོ་ཡིན་པས། ཁྱེད་ཚོར་དད་གུས་ཞུས་པ་ཡིན། ཚང་མས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་གཞི་བཏོན་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚྭ་འདམ་གཞོང་གི་རྡོ་སྣུམ་སྙིང་སྟོབས་རྒྱུན་འཛིན་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ། ནུས་མང་ཁ་གསབ་ཀྱི་རྣམ་པ་གསར་བ་བཙུགས་ཏེ། སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས།

ཞིན་ཁྲང་ཞིང་གིས་གནམ་དཔྱད་ལྟ་ཞིབ་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་ཆེད་མཁས་པ་དང་འགན་ཁུར་མི་སྣའི་ངོ་སྤྲོད་ལ་ཉན་རྗེས་བཤད་རྒྱུར། སྤོམ་དོན་གཉེར་བ་དང་ལག་བསྟར་གཉིས་ཟུང་འབྲེལ་བྱེད་པ་དང་། ཕྱི་ཤུགས་ལ་རྒྱབ་རྟེན་པ་དང་རང་སྟེང་གི་སྒུལ་ཤུགས་གིས་སྦྲེལ་མཐུད་བྱེད་པ། སྔོན་དུ་འཆར་འགོད་བྱེད་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་དོ་དམ་བཟང་བོ་བྱེད་པ། འཁོར་རྒྱུག་བཟང་བོ་བྱས་ནས། ཧུར་ཐག་གིས་མཚེའུ་དེ་གནམ་དཔྱད་ཚན་རྩལ་ཁྱབ་གདལ་གྱི་གནས་མཆོག་ཏུ་འགྱུར་བར་བྱེད་དགོས།

མཚོ་སྔོན་ཝུའུ་ཚེ་བ་ཚྭ་ལས་རིགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཏུང་ཐའེ་ཅི་ནེ་ཨེར་ལིས་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཀྲུང་ཞིན་ཀའོ་ཨན་ལིས་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཅས་སུ། ཞིན་ཁྲང་ཞིང་བཟོ་གྲྭ་ཁུལ་གྱི་འཁོར་ཁང་དུ་སོང་ནས་ཁེ་ལས་ཐོན་སྐྱེད་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་བཤད་རྒྱུར། འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ཆོས་ཐོན་ཁུངས་ལ་རྐང་འཛུགས་པ། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་འབུར་དུ་ཐོན་པར་བྱེད་པ། ལག་རྩལ་གསར་གཏོད་བྱེད་པ། སྦྲེལ་ཐག་འཛུགས་པ་དང་སྦྲེལ་ཐག་ཁ་གསབ། སྦྲེལ་ཐག་རྒྱུན་བསྲིང་། སྦྲེལ་ཐག་སྟོབས་ལྡན་དུ་བསྒྱུར་བའི་ལས་གཞི་འཛུགས་སྐྲུན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས། བཟོ་ལས་དཔལ་འབྱོར་གྱི་འདེགས་སྐྱོར་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་གཙོ་བོར་རོགས་སྐྱོར་བྱེད་ཤུགས་ཆེར་བཏང་ནས། ཚོང་རའི་གཙོ་གཞི་གསོན་ཤུགས་ཁྱོན་ཡོངས་ནས་ཆེར་སྐྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཞིན་ཁྲང་ཞིང་གིས་མཚོ་ནུབ་ཁུལ་ཏང་ཨུ་དང་མཚོ་ནུབ་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། རྒྱལ་ཁབ་ཀྱི་དོན་དག་སེམས་ཁོང་དུ་འཛིན་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བྱེ་འཁྱགས་དར་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་མངག་བཅོལ་བྱས།

ཞིན་ཁྲང་ཞིང་གིས་ད་དུང་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་མི་དམངས་སྨན་ཁང་དང་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལྟེ་གནས་སློབ་གྲྭ། མང་ངས་གྲོང་ཁྱེར་གྱི2019ལོའི་སྤྱིལ་ཁང་འཛུགས་སྐྲུན་ལས་གཞི་བྱེད་ས་དང་མང་ངས་བདེ་འཇགས་ཞིབ་བཤེར་ས་ཚུགས་བཅས་ལ་རྟོག་ཞིབ་བྱེད་པར་སོང་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་སློབ་གསོ་ཐད་ཀྱི་གཉིས་འཕྲི། དམངས་ཚིས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་སོགས་བྱ་བའི་ཐད་ནས་རེ་བ་ནན་མོ་བཏོན།

                                                                                                                རིན་ཆེན་མཚོས་བསྒྱུར།