ཀན་སུའུ་དང་མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན་གསུམ་གྱི་ས་ཁུལ་ས་གཤིས་གཏེར་ཐོན་ཅུའུ་ཡིས་རྨ་ཆུའི་བསྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཐབ་ཇུས་མཉམ་འབྲེལ་གྲོས་མཐུན་བཀོད།
2021.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་ལམ། ཀན་སུའུ་ཞིང་ཆེན་ས་གཤིས་གཏེར་ཐོན་ཅུའུ་དང་མཚོ་སྔོན་ས་གཤིས་གཏེར་ཐོན་ཅུའུ། ཉིང་ཞ་ཧའེ་རིགས་རང་སྐྱོང་ས་ཁུལ་ས་གཤིས་གཏེར་ཐོན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ས་གཤིས་བྱ་བ་སྤེལ་བ་དང་། རྨ་ཆུའི་བསྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གྲོས་མཐུན་བཀོད། མཉམ་འབྲེལ་གྲོས་མཐུན་གྱིས་རྨ་ཆུའི་བསྟོད་རྒྱུད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྨ་ཆུའི་བསྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་གྱི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་ལས་འགན་དོན་འཁྱོལ་བྱས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཞིང་ཆེན་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། ས་གཤིས་བྱ་བའི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན། འཐབ་ཇུས་རང་བཞིན་གྱི་ངེས་གནས་ལ་རྐང་ཚུགས་ཆེད་ཞིང་ཆེན་གསུམ་གྱིས་རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྨ་ཆུའི་བསྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱི་ས་ཁུལ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་རྨང་གཞིའི་ས་གཤིས་ཞིབ་བཤེར་དང་། ནུས་ཁུངས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་ཐོན་ཁུངས་ཞིབ་བཤེར། ཆུའི་ཐོན་ཁུངས་དང་ཆུའི་འཁོར་རྒྱུག ས་གཤིས་ཚན་རྩལ་གསར་གཏོད་དང་ས་གཤིས་ཞིབ་བཤེར་རྒྱལ་སྤྱིའི་མཉམ་འབྲེལ་མཉམ་དུ་དངོས་འབེབས་བྱས་ཏེ། རྨ་ཆུའི་བསྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱི་ས་ཁུལ་ས་གཤིས་བྱ་བའི་ཚད་རིམ་མཐོར་འདེགས་གཏོང་བ་དང་ཐོན་ཁུངས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། ཆུའི་ཐོན་ཁུངས་སྒྲིག་གཞི་ལེགས་སྒྱུར་བཏང་སྟེ། ས་ཁུལ་སོ་སོའི་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མཉམ་འབྲེལ་བྱེད་ཡུན་ནི2022ལོ་ནས་2025ལོའི་བར་ཡིན་ལ། དེའི་ཁྲོད་དུ་མཉམ་འབྲེལ་སྒོས་རྨང་གཞིའི་ས་གཤིས་ཞིབ་བཤེར་བྱེད་པ་དང་མཉམ་འབྲེལ་སྒོས་ནུས་ཁུངས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་ཐོན་ཁུངས་ཞིབ་བཤེར་བྱེད་པ། མཉམ་འབྲེལ་སྒོས་ཆུའི་ཐོན་ཁུངས་དང་ཆུའི་འཁོར་རྒྱུག་ལ་ཞིབ་བཤེར་བྱེད་པ། མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་སའི་བར་སྣང་གི་སྐྱེ་ཁམས་གནས་ཚུལ་ལ་ཞིབ་བཤེར་ཚད་ལེན་དང་དཔྱད་འཇོག་ཉེན་ཟོན་བྱེད་པ། མཉམ་འབྲེལ་སྒོས་ས་གཤིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་སྒོས་ས་གཤིས་ཞིབ་བཤེར་རྒྱལ་སྤྱིའི་མཉམ་འབྲེལ་ལ་སྐུལ་སྤེལ་བྱེད་པ་བཅས་ཕྱོགས་དྲུག་འདུ།

མི་ཕམ་མགོན་པོས་བསྒྱུར།